R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦ན
[A:༤༦ན]འགའ་ཡར་ཡོད་པ་ཟངས་མཁར་བས་ལྷ་སའི་གཏེར་ནས་སྤྱན་དྲངས་པ། སྒྲུབ་ཐབས་ཡང་གསང་ཟེར་བ་ཟངས་མཁར་ལུགས། སྒྲུབ་ཐབས་དགོས་འདོད་འབྱུང་བ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པ། དེའི་ཞལ་ཤེས་ལས་ཚོགས་ཡིག་རྙིང་ཞི་དྲག་སྣ་ཚོགས་མང་དུ་ཡོད་པ་སྒྲ་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། ཞི་བ་བདེ་བྱེད་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། དེའི་འགྲེལ་པ་དང་བཅས་པ་ཤུ་རཾ་ག་ཝརྨས་མཛད་པ། བདེ་བྱེད་ཀྱི་ཆོ་ག་སྣ་ཚོགས་མཛོད། ལུས་ངན་པོའི་སྒྲུབ་ཐབས་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། དྲེགས་བྱེད་ཀྱི་ལས་བརྟག་པའི་སྒྲུབ་ཐབས་འགྲོ་བཟང་གིས་མཛད་པ། དེའི་བསྡུས་དོན། དྲེགས་བྱེད་ཀྱི་ལས་བརྟག་པ་ཆུང་བ། མནན་པ། བསྐྲད་པ། དབྱེ་བ། རེངས་པ། སེར་བ་བསྲུང་བ། རིམས་བགེགས་བསྲུང་བ་དང་བཅས་པ་ཆ་ཚང་བ། དྲེགས་བྱེད་ཀྱི་ཆོ་ག་ཆེ་བ། དེའི་འགྲེལ་པ་འགྲོ་བཟང་གིས་མཛད་པའི་འགྲེལ་པ་སློབ་དཔོན་རིན་པོ་ཆེ་བླ་མས་མཛད་པ། དྲེགས་བྱེད་ཆུང་ངུ་། མནན་པ། བསྐྲད་པ། རེངས་པ། སེར་བ། རིམ། བགེགས་བསྲུང་བ་རྣམས་ཡོད་པ། དྲེགས་བྱེད་ཆུང་ངུའི་བཤད་པ་ཞེས་པ། གར་མཁན་མཆོག་གི་སྒྲུབ་ཐབས་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ། གར་མཁན་མཆོག་གི་མངོན་རྟོགས་ངག་འདོན་གསལ་བ་བསྟོད་པ་དང་བཅས་པ། གར་མཁན་མཆོག་གི་སྒྲུབ་ཐབས་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་འགྲེལ་པའམ་ལག་ལེན་གྱི་གསལ་བྱེད་ཟངས་མཁར་གྱི་འགྱུར། གར་མཁན་མཆོག་གི་བསྟོད་པ། སྤྱན་འདྲེན། བསྐུལ། གསང་སྒྲུབ་རྣམས་ཤུ་རཾ་ག་ཝརྨས་མཛད་པ་ཟངས་མཁར་བའི་