R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ]འགྱུར། གར་མཁན་མཆོག་གི་སྒྲུབ་ཐབས་མགུལ་ཁུག་མ་ཁྲོ་ལོས་མཛད་པ། མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་འཁོར་འབྲོག་གནས་མཆེད་ལྔ་དང་བཅས་པའི་བསྟོད་པ། བསྐུལ། ཞལ་གཅིག་ཕྱག་དྲུག་པ། ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ཛ་ཝ་རི་པས་མཛད་པ། ནང་སྒྲུབ་དྲག་པོ་ལྗང་ནག་ལས་མཁན་དང་བཅས་པའི་སྒྲུབ་ཐབས། ནང་སྒྲུབ་ཐུགས་དམ་གནད་དུ་དྲིལ་བའི་གདམས་པ་ཟབ་མོ། གསང་བ་ལྟར་བསྒྲུབ་པའི་ཡིག་ཆུང་། རྣམ་སྲས་ལྗང་ཁུ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་རྒྱ་གཞུང་ཛ་ཝ་རི་པས་མཛད་པ། སྒྲུབ་ཐབས་འགྲོ་བཟང་གིས་མཛད་པའི་འགྲེལ་པ་མ་ཏི་ཀིརྟིས་མཛད་པ། ཟབ་ཏིག་གི་མན་ངག་ཟངས་མཁར་བའི་མགུལ་ཁུག་སྲོ་མ་ཅན་དུ་གྲགས་པའི་སྐོར་ལ། ལྗང་སེར་བེ་ཅོན་མའི་སྒྲུབ་ཐབས་རྒྱ་གཞུང་། བསྙེན་པའི་ཡི་གེ་ཤིན་ཏུ་རྫོགས་པའི་དབང་དུ་བྱ་བ་ཞེས་པ། ལྗང་སེར་མགུལ་ཁུག་མའི་གསང་སྒྲུབ་ཀྱི་ལག་ལེན་གྱི་ཡི་གེ མགུལ་ཁུག་མ་དེའི་སྲོག་སྒྲུབ་ཀྱི་ཞལ་གདམས་ཁྱད་པར་ཅན། མགུལ་ཁུག་མ་དེའི་ལག་ལེན་གྱི་ཞལ་ཤེས། ལྗང་ཁུའི་ཞལ་གདམས། ལྗང་སེར་མགུལ་ཁུག་མ། གཅེས་པའི་མན་ངག་བཅུ་གསུམ་གྱི་གདམས་པ་རིན་ཆེན་ཕྲེང་བ། ལྗང་སེར་མའི་རྟེན་དང་གནས་དབབ་ཀྱི་ཞལ་ཤེས་ཟབ་ཅིང་གསང་བ། བེ་ཅོན་ཅན་གྱི་རྟེན་གསུམ་གྱི་ཞལ་གདམས་ཅུང་ཟད་རྒྱས་པ། འདིའི་མཇུག་ན་གནོད་སྦྱིན་དབང་པོའི་ཚེ་སྒྲུབ་ཡོད་པ། ཟབ་ཏིག་མགུལ་ཁུག་མའི་གནད་ལྔའི་གདམས་པ། གསེར་ཆེན་མགུལ་ཁུག་མའི་གསང་སྒྲུབ་རིན་ཆེན་ཁང་བརྩེགས། གསེར་ཆེན་མགུལ་ཁུག་མའི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་