R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧ན
[A:༤༧ན]གདམས་གསང་ཆོག་ཅེས་པ། འདི་ནི་བསྙེན་པའི་ཞེས་པའི་ཡིག་སྐོར། མགུལ་ཁུག་མའི་རྟེན་གསུམ་གྱི་ཞལ་གདམས་བསྡུས་པ། ཟབ་ཏིག་སྲོ་མ་ཅན་གྱི་གདམས་པ་ལས། བྱི་བ་ལ་བརྟེན་ནས་ནོར་བསྒྲུབ་པའི་ལས་ཚོགས་དྲུག་ལ་སོགས་པ་ལྷ་སའི་གཏེར་མ། དྲག་པོ་ཡང་གསང་སྲིན་པོ་བཞིས་བསྐོར་གྱི་སྒྲུབ་ཐབས་གསང་ཞིང་སྦས་པ་ལོ་རྒྱུས་དང་བཅས་པ་གཡོར་པོ་ཇོ་སྟོན་ནས་བརྒྱུད་པ། ཞལ་གསུམ་ཕྱག་དྲུག་པ་མཐིང་ཁའི་མངོན་རྟོགས་དོན་གསལ། དྲེགས་བྱེད་མཐིང་ཁ་གཙོ་འཁོར་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པ། མདུང་དམར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། བྱ་རྒོད་གཤོང་གི་གཏེར་མའི་སྒྲུབ་ཐབས་དགའ་རབ་རྡོ་རྗེས་མཛད་པ། མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོ་བྲི་བའི་ཡི་གེ་གཉིས་བྱ་རྒོད་གཤོང་གི་གཏེར་མ་བསེའི་སྒྲོམ་བུ་ནས་བྱུང་ཟེར་བ། མདུང་དམར་ཅན་གྱི་ལས་སྦྱོར་གྱི་ཡི་གེ་ཟབ་ཅིང་གསང་བ་ཚན་པ་གཉིས་ཡོད་པ་ག་ག་ན་ཀིརྟིས་མཛད་པ། མདུང་དམར་ཅན་གྱི་སྒྲུབ་སྙིང་ཞེས་བྱ་བའི་མན་ངག་ཚན་པ་དྲུག་ཡོད་པ། མདུང་དམར་ཅན་གྱི་སྲོག་རྩ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། མན་ངག་ལས་མཐའ་དགུ་པ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་རྟ་ཞོན་གྱི་སྒྲུབ་ཐབས་ཀྱི་ཡི་གེ་དང་བཅས་པ། ཡང་གསང་ཕྱག་མཚན་བཞི་པའི་མངོན་རྟོགས་ཤོག་གཅིག་མ། དེའི་སྒྲུབ་ཐབས། དམར་པོ་འབྲུག་ཞོན་གྱི་སྒྲུབ་ཐབས་ཤོག་གཅིག་མ་བསམ་ཡས་ནས་བྱོན་པ། མདུང་དམར་ཅན་