R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧བ
[A:༤༧བ]གྱི་སྒྲུབ་ཐབས་ལས་བྱང་གི་རིམ་པ། མདུང་དམར་ཅན་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་སྒྲུབ་ཐབས་ཞལ་གདམས་ཡི་གེར་བཀོད་པ་ནཱ་རོ་པས་མཛད་པ། ཕྱི་ནང་གི་སྒྲུབ་ལུགས་ཚེ་སྒྲུབ་དང་བཅས་པ། མདུང་དམར་ཅན་གྱི་སྒྲུབ་ཐབས་མཁན་ཆེན་ཆོས་འཕགས་པས་མཛད་པ། མདུང་དམར་ཅན་གྱི་རྗེས་གནང་གི་རྩ་བའི་ཡི་གེ་མགོན་པོ་ཉེར་འཇུག མདུང་དམར་ཅན་ཡང་གསང་གི་རྗེས་གནང་། ཞལ་ཤེས་གསལ་བ་གཅིག ཡང་གསང་ཕྱག་མཚན་བཞི་པའི་རིགས་གཏད་དབང་གི་ལྕགས་ཀྱུ། ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་དགོས་འདོད་འབྱུང་བ་གཉག་དབོན་བསོད་ནམས་བཟང་པོས་མཛད་པ། རྒྱལ་པོ་ཆེན་པོའི་ཟབ་ཏིག་ལས་ཤོག་རིལ་དྲུག་པའི་རྒྱ་གཞུང་སློབ་དཔོན་ཏེ་ཙ་དེ་ཝས་མཛད་པའི་སྐོར་ལ། སྐུ་གཟུགས་ཕྱག་མཚན་ལ་བརྟེན་ནས་ཞལ་དངོས་སུ་བལྟ་བ། གསུང་ཆོས་ཀྱི་དུང་ལ་བརྟེན་ནས་སྙན་གྲགས་བསྒྲུབ་པ། ཐུགས་ཙིཏྟ་ལ་བརྟེན་ནས་སྙིང་འགུལ་བ། ཡོན་ཏན་ཤེལ་གྱི་གའུ་ལ་བརྟེན་ནས་འཆི་མེད་ཚེ་བསྒྲུབ་པ། འཕྲིན་ལས་དྲག་པོ་གནམ་ལྕགས་ཀྱི་སྤུ་གྲི་ལ་བརྟེན་ནས་དགྲ་སྲོག་གཅོད་པ། རིན་ཆེན་གཏེར་གྱི་བུམ་པ་ལ་བརྟེན་ནས་དགོས་འདོད་བསྒྲུབ་པ། དེའི་ཞལ་ཤེས། ལོ་རྒྱུས་ཤོག་རིལ་དྲུག་པའི་ལག་ལེན་དང་བཅས་པ་ཟངས་མཁར་གྱིས་མཛད་པ། ཤོག་རིལ་དྲུག་གི་ཡི་གེ་དམ་པའི་གནད་དྲུག་པ། ཤོག་རིལ་དྲུག་པའི་ཡི་གེ་ཀོང་ཕུ་རི་པ་ལ་ཁྲོ་ལོས་ཞུས་པ། འཁོར་ལོ་བྲི་ཚུལ་ཏེ་ཛ་དེ་ཝས་མཛད་པ། ལྗང་སེར་མགུལ་ཁུག་མའི་ཐུགས་སྒྲུབ་སྲེ་ཐོད་མར་གྲགས་པའི་བསྙེན་སྒྲུབ་གནད་དབབ་དང་བཅས་པའི་སྒྲུབ་ཐབས་ཆེས་ཟབ་པ། འཁོར་ལོའི་ཆོ་ག བླ་རྡོའི་ཆོ་ག གཏོར་མའི་ཆོ་ག་རྣམས་ཀྱི་ཡི་གེ ལྗང་སེར་མའི་