R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨ན
[A:༤༨ན]སྒྲུབ་ཐབས་ལེའུ་གསུམ་པ་མཁན་ཆེན་ལྷོ་བྲག་པས་མཛད་པ། ལྗང་སེར་མའི་སྒྲུབ་ཐབས་ཁ་ཆེ་དགོན་པ་བའི་གདམས་པ། ཟབ་ཏིག་གི་མན་ངག་ལས་སྦྱོར་གྱི་ཡི་གེ་ཁྲོ་ལོ་ཞེས་བྱ་བ། ཁྲོ་ལོས་མཛད་པའི་སྙིང་ཁུག་མ། ཟབ་ཏིག་གི་མན་ངག་སློབ་དཔོན་སངས་རྒྱས་གསང་བས་ཟངས་མཁར་ལོ་ཙཱ་བའི་ཉེ་གནས། འབྲོམ་ཉི་མ་ལ་གནང་བའི་སྐོར་ལ། ལོ་རྒྱུས་ཐེམ་ཡིག་དང་བཅས་པ། ནོར་གནས་ཀྱི་སྒྲུབ་ཐབས། འཁོར་གནོད་སྦྱིན་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས། ནོར་གནས་ཀྱི་སྒྲུབ་ཐབས་རིན་ཆེན་ཁྲིམས་གནས་ཞེས་བྱ་བ། ལག་སྒྲུབ་སྲིན་པོའི་ནོར་ལེན། ནེའུ་ལེའི་རྐྱལ་པའི་མན་ངག སློབ་དཔོན་བུདྡྷ་གུ་ཧྱས་མཛད་པའི་མན་ངག་སྙིང་བསྒྲུབ། སློབ་དཔོན་དེས་མཛད་པའི་སྲིད་པ་སྐྱེ་གནས་ཀྱི་མན་ངག་སྲོག་འཛིན་ཞེས་བྱ་བ། སློབ་དཔོན་དེས་མཛད་པའི་སྲིད་པ་ལྟེ་བསྒྱུར་གྱི་མན་ངག དེས་མཛད་པའི་རྒྱལ་འགོང་འདུལ་བ་དང་བསྲུང་བའི་མན་ངག བསེ་མོ་ལ་སོགས་པ་འདྲེ་འདུལ་བའི་མན་ངག དབང་དུ་བྱ་བའི་མན་ངག བུད་མེད་དབང་དུ་བྱ་བ། ནད་ཞི་བ། བགེགས་བསྲུང་བའི་མན་ངག མཐུ་བསྒྲུབ་པའི་མན་ངག་དོན་ལྔ་པ། སྒྲུབ་ཐབས་འཕྲིན་ལས་ཐུགས་ཀྱི་མན་ངག་སློབ་དཔོན་བུདྡྷ་གུ་ཧྱས་མཛད་པ། ཟབ་ཏིག་གི་མན་ངག་གི་ལས་དགོན་པ་བའི་བེའུ་བུམ་བསེ་ཁབ་མར་གྲགས་པ་ལ་ལོག་ནོན་ལྔའི་མན་ངག་ནེའུ་ལེའི་སྒྲུབ་ཐབས་རྣམས་དང་། ཕྱག་མཚན་མན་ངག་གི་ཡི་གེ ཟབ་ཏིག་ལས་རྟ་བདག་བརྒྱད་ཀྱི་སྒོས་སྒྲུབ། ཛམྦྷ་ལའི་དངོས་གྲུབ་སྒྲུབ་པའི་ཡི་གེ གང་བ་བཟང་པོའི་དམག་ཟློག ནོར་བུ་བཟང་པོའི་ཟས་ནོར་སྒྲུབ་