R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]པ། ཀུ་བེ་རའི་ཆོམ་རྐུན་བཅིངས་པ། ཡང་དག་ཤེས་ཀྱི་མངོན་ཤེས་དང་དབང་ཕྱུག་སྒྲུབ་པ། འབྲོག་གནས་ཀྱི་དགྲ་བསད་པ། ལྔ་རྩེན་སེར་སྐྱའི་ཚེ་སྒྲུབ་པ། པི་ཙི་ཀུཎྜ་ལིས་ཆུ་འཁྱགས་བསྲུང་བ། ཀུ་བྷེ་རའི་བྱིན་རླབས་ཀྱིས་རྟའི་གོད་ཁ་བསྲུང་བའི་མན་ངག ཡང་ཟབ་ཏིག་འཁོར་གྱི་བསྒྲུབ་པ་ལས། སྟག་ཟླ་མིང་སྲིང་གི་མན་ངག་སྒྲུབ་ཐབས་ཆེས་ཟབ་པ་ཚན་པ་བདུན་ཡོད་པ་སློབ་དཔོན་འགྲོ་བཟང་གིས་མཛད་པ། ཨ་པ་ར་ཙིཏྟའི་སྒྲུབ་ཐབས་ཀྱི་སྐོར་ལ། གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་རྒྱུད། ཨ་པ་ར་ཙིཏྟ་རིན་ཆེན་བཟང་པོའི་སྒྲུབ་ཐབས་ཇོ་བོ་རྗེ་ནས་བརྒྱུད་པ། ཨ་པ་ར་ཙིཏྟ་བྲེལ་ནོན་གྱི་སྒྲུབ་ཐབས། གནོད་སྦྱིན་ལྕགས་ཀྱི་ཨ་པ་ར་ཙིཏྟའི་ལས་ཚོགས་མཇུག་ན་དངོས་གྲུབ་བསྒྲུབ་པ་ལ་བར་ཆད་བྱེད་པའི་འགབ་འདྲེ་མནན་པའི་མན་ངག་ཡོད་པ། ཨ་པ་ར་ཙིཏྟའི་མན་ངག་རྒྱལ་པོ་ཨིནྡྲ་བོ་དྷིས་མཛད་པ། ཨ་པ་ར་ཙིཏྟའི་བླ་རྡོའི་མན་ངག་རྗེ་སྣ་པོ་བས་མཛད་པ། འཁུ་ལྡོག་མི་འབྱུང་བའི་འཁོར་ལོའི་མན་ངག ཨ་པ་ར་ཙིཏྟའི་སྒྲུབ་ཐབས་ཀྱི་གཞུང་ངག་དབང་དགེས་པའི་རྡོ་རྗེས་མཛད་པ། ཇོ་བོ་ལུགས་ཀྱི་ཡང་རྩེ་སྒྲུབ་པའི་ཆ་རྐྱེན་ཟབ་ཏིག་གི་སྐོར་ལས་འགབ་འདྲེ་མནན་པ། ལུས་ངན་པོ་ཡི་མདོ་ལས་ནི། །ཞེས་པ་དབུ་ན་ཡོད་པའི་ཤེས་པ་དཀར་པོའི་ལོ་རྒྱུས། དེ་མནན་པའི་སྲོག་འཁོར། གནོད་སྦྱིན་བྲེལ་བོང་ཅན་མནན་པ་རྒྱལ་པོ་འགྱུར་ཀ་དེ་བས་མཛད་པ། ཟངས་ཟངས་གཡུ་རྩེའི་གཏེར་མ་ཟངས་མཁར་ལོ་ཙ་བའི་ཁྱད་ཆོས་ཤོག་གཅིག་མ། ཞི་བ་ནོར་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ དྲག་པོ་མཐུ་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ རྣམ་སྲས་ཀྱི་རྟེན་དང་མན་ངག་ཐོར་བུའི་ཡི་གེ་ལག་