R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ]པོ་རྡོར་འཛིན་ལ་བསྟོད་པ། གཏིང་སྐྱེས་པ་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལ་བསྟོད་པ་ཤླཽ་ཀ་གཅིག ཆོས་རྗེ་རྡོ་རྗེ་སེང་གེ་ལ་བསྟོད་པ་ཤླཽ་ཀ་གཅིག ཉག་རེ་གསེར་མདོག་པའི་བླ་མ་ལ་བསྟོད་པ། ཇོ་ནང་མཁན་པོ་དཔལ་ལྡན་རིན་ཆེན་ལ་བསྟོད་པ། ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་བསྟོད་པ་ཤླཽ་ཀ་གཅིག ཆོས་རྗེ་ཀུན་དགའ་རྒྱ་མཚོ་ལ་བསྟོད་པ་ཤླཽ་ཀ་གཅིག ཡང་ཇོ་ནང་མཁན་པོ་ལ་བསྟོད་པ་ཤླཽ་ཀ་གཅིག སྒྲུབ་པ་བ་སངས་རྒྱས་དཔལ་ལ་བསྟོད་པ་གཅིག་སྟེ་ཚན་པ་བཅོ་བརྒྱད། སྒྲུབ་ཐབས་སྐོར་ལ་བླ་མ་རིན་འབྱུང་གི་སྒྲུབ་ཐབས། བིར་སྲུང་ཐུན་མོང་མ་ཡིན་པའི་བསྒོམ་ཚུལ། དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ངེས་དོན་ཟླ་བའི་འོད་ཟེར། སྔགས་ཕྲེང་ཕྱག་བྲིས་མ་ལས་ཞལ་བཤུས་པ། རྣལ་འབྱོར་མའི་རྒྱུན་གྱི་ཉམས་ལེན། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་གྲོལ་བའི་ཐིག་ལེ། རྡོ་རྗེ་བདག་མེད་མའི་ལུས་དཀྱིལ་ཟུར་འདེབས། ཡང་དག་མེ་གཅིག་གི་སྒྲུབ་ཐབས་ནོར་བུའི་ཕྲེང་བ། དཔལ་རྡོ་རྗེ་གཞོན་ནུའི་ཁྲོ་བོའི་སྒྲུབ་ཐབས། དཔལ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན། གུ་རུ་དྲག་དམར་གྱི་སྒྲུབ་ཐབས། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས། སྲུང་མ་དྲུག་ཅུའི་གཏོར་ཆོག གཤེད་དམར་དཔའ་གཅིག་གི་སྒྲུབ་ཐབས། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས། དེའི་རྗེས་གནང་བྱེད་ཚུལ། མི་གཡོ་བའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། སེང་གདོང་མ། སྤྱན་རས་གཟིགས་རྣམས་ཀྱི་སྒྲུབ་ཐབས་ཆུང་ངུ་གསུམ། རྗེས་གནང་གི་ཐོ་གཉིས་མཆན་དུ་ཡོད་པ། ཚེ་དཔག་མེད་གྲུབ་