R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན]པཎ་གྱི་རིགས་གཏེར་རྩ་འགྲེལ། རྗེ་ཉིད་ཀྱིས་མཛད་པའི་ཚད་མ་རིགས་པའི་གཏེར་གྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ངག་གི་དཔལ་སྟེར་ཞེས་བྱ་བའི་རབ་བྱེད་དགུ་པ་ཡན་གྱི་སྤྱི་དོན་རྣམས་ཀྱི་སྟེང་ནས་བཤད་པ་རྒྱས་པ་དང་། རྗེ་ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་ཚད་མའི་སྐབས་དེ་རང་ཉིད་ཀྱི་ཟིན་ཐུན་བསྐྱར་ཆོས་སུ་བྱས་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། སྟོན་པ་ཚད་མའི་སྐྱེས་བུ། འཇམ་དབྱངས། དགྲ་བཅོམ་པ་ཆོས་སྐྱབས། པཎ་ཆེན་མི་ཝང་འགའ། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དབང་ཕྱུག་སྡེ། དཔལ་ཆོས་ཀྱི་གྲགས་པ། ལྷ་དབང་བློ་གྲོས། སློབ་དཔོན་ཤཱཀྱ་བློ་གྲོས། ཕུལ་བྱུང་ཤེས་རབ་འབྱུང་གནས།
རྒྱན་མཁན་པོ་ཡིན།
པཎ་ཆེན་ཡ་མ་རི། པཎ་ཆེན་རྒྱལ་རྔ་བདུན་པ།
ཆོས་མཆོག
སློབ་དཔོན་དུལ་བ་ལྷ། བྲམ་ཟེ་བདེ་བྱེད་དགའ་བ། པཎ་ཆེན་ཝ་པུ། དཔལ་ལྡན་ཁ་ཆེའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི། དེས་བདེ་གཤེགས་དཔལ་སཾ་ག་ཤྲཱི། ད་ན་ཤཱི་ལ། དེ་བཞི་ལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་གསན་པ་ལས། འུ་ཡུག་པ་རིག་པའི་སེང་གེ མདོ་སྡེ་དཔལ་བ། འཇམ་དབྱངས་སྐྱའོ། དཔང་ལོ་བློ་གྲོས་བརྟན་པ། ཆོས་ཀྱི་རྗེ་བླ་མ་དམ་པ། ཉ་དབོན་ཀུན་དགའ་དཔལ། གཡག་མི་ཕམ་སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིག སྨྲ་ཁམས་པ་གྲགས་པ་བཟང་པོ། ཀུན་མཁྱེན་སངས་རྒྱལ་འཕེལ་བ། ཀུན་མཁྱེན་བསོད་ནམས་སེང་གེ མུས་ཆེན། ཐུགས་རྗེ་དཔལ་བཟང་། འཇམ་དབྱངས་གཞོན་ནུ་བློ་གྲོས། འདར་བ་རབ་འབྱམས་པ་གྲགས་པ་རྒྱལ་