[A:༥༤བ]མཚན། དེ་གཉིས་ལ་མཁས་པའི་དབང་པོ་དཔལ་ལྡན་བཟང་པོ། མཁན་ཆེན་རིན་པོ་ཆེ་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཀུན་མཁྱེན་བསོད་ནམས་སེང་གེ འཇམ་དབྱངས་ཀུན་དགའ་དཔལ་འབྱོར། མཁས་པ་ཆེན་པོ་དྲུང་ཆེན་ཐུབ་བསྟན་རྒྱལ་བ། གླིང་སྨད་པཎྜི་ཏ་རིན་ཆེན་འབྱོར་ལྡན། རིགས་པའི་དབང་ཕྱུག་ཐང་སྟོང་པ་ངག་དབང་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་དཀའ་འགྲེལ་ཀུན་མཁྱེན་གྱིས་མཛད་པ། ཟུར་བཀོལ་དགེ་འདུན་ཉི་ཤུའི་སྐྱེས་བུ་མཆོག་གི་གསལ་བྱེད་སོགས་གཙོ་བོར་གྱུར་པ། གཞན་ཡང་རྗེས་འབྲངས་མཁས་པ་སོ་སོའི་སྤྱི་ཊཱིཀ རྗེ་ཉིད་ཀྱིས་མཛད་པའི་དཀའ་འགྲེལ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཀྱི་དགོངས་འགྲེལ་ཀུན་མཁྱེན་བླ་མའི་དགོངས་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སོགས་ཕར་ཕྱིན་སྐོར་གྱི་རང་ལུགས་གཞན་ལུགས་ཀྱི་ཡིག་ཆ་མང་པོ་ཞིག་གི་སྟེང་ནས་བཤད་པ་རྒྱས་པ་དང་། ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་ཕར་ཕྱིན་སྐབས། དེ་རང་ཉིད་ཀྱི་ཟིན་ཐུན་སྐྱོར་ཆོས་སུ་བྱས་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། རྗེ་བཙུན་བྱམས་པ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་