R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན]སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་ཡེ་ཤེས་ཞབས། སློབ་དཔོན་ཡོན་ཏན་བཤེས་གཉེན། ལོ་ཆེན་རིན་ཆེན་བཟང་པོ། སློབ་དཔོན་ཟླ་བ་བཟང་པོ། སློབ་དཔོན་བསྟན་སྐྱོང་།
འབུམ་ཕྲག་གསུམ་པ།
ལོ་ཙཱ་བ་བློ་ལྡན་ཤེས་རབ། འདྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། མཁས་པ་གཞོན་ནུ་ཚུལ་ཁྲིམས། ཤེས་རབ་འབུམ། བྱང་ཆུབ་འབུམ། གཉལ་ཞིག་འཇམ་པའི་རྡོ་རྗེ། མཁན་པོ་དར་མ་ཚུལ་ཁྲིམས། བོ་དོང་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བ་བསོད་ནམས་སེང་གེ ལྷོ་པ་གྲུབ་པ་སེང་གེ ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཀུན་མཁྱེན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཀུན་མཁྱེན་གཡག་པ། ཀུན་མཁྱེན་རོང་སྟོན། སངས་རྒྱས་འཕེལ་མན་གོང་བཞིན་ནོ། ༈ །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཆེན་པོ་ལ་སྔོན་གྱི་ཊཱིཀ་ཆེན་རྣམ་བཞི། གཙོ་བོར་ཀུན་མཁྱེན་རིན་པོ་ཆེ་ཊིཀྐ་གསུང་རབ་དགོངས་གསལ་སྤྱི་དོན་དང་བཅས་པའི་སྟེང་དང་། གཞན་ཡང་པཎ་ཆེན་གྱི་གསེར་ཐུར། རྗེ་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་འདི་སྐོར་གྱི་ཡིག་ཆ་མང་པོ། རྗེ་ཉིད་ཀྱིས་མཛད་པའི་ཊཱིཀྐ་ལེགས་བཤད་ཟླ་འོད་ནོར་བུ་དང་། སྤྱི་དོན་ཀུན་གསལ་ནོར་བུའི་ཐིག་ཕྲེང་གཉིས་ལ་མཁས་པ་སྔ་ཕྱི་མང་པོའི་སྤྱི་ཊཱིཀ དོགས་དཔྱོད། དྲི་ལན་སོགས་ཀྱིས་བརྒྱན་པའི་བཤད་པ་རྒྱས་པ་དང་། ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་སྡོམ་གསུམ་གྱི་སྐབས་དེ་རང་ཉིད་ཀྱི་ཟིན་ཐུན་སྐྱོར་ཆོས་སུ་བྱས་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། ས་སྐྱ་པཎ་ཆེན། འུ་ཡུག་པ་རིག་སེང་དང་། འཇམ་