[A:༥༥བ]དབྱངས་མདོ་སྡེ་དཔལ་གཉིས། དེ་གཉིས་ལ་འཇམ་དབྱངས་དོན་ཡོད་རྒྱལ་མཚན། བླ་མ་དམ་པ། ལྷ་བཙུན་བསམ་ཡས་པ། ཤར་ཆེན་པ། རྡོ་རྗེ་འཆང་། གུང་རུ་ཤེས་བཟང་། ཀུན་མཁྱེན། ཡང་ན། གཡག་པ། རོང་སྟོན། ཀུན་མཁྱེན་སངས་རྒྱས་འཕེལ། ཀུན་མཁྱེན་བསོད་ནམས་སེང་གེ་མན་གོང་བཞིན་ནོ། ༈ །འདུལ་བ་མདོ་རྩ་བ་དང་། རྒྱ་ཆེར་འགྲེལ་སོགས་ལ་མཁས་པ་སྔ་མ་རྣམས་ཀྱི་སྤྱི་ཊཱིཀ་ལ། སྔོན་ཆོག་དང་། ལྟུང་བ་སྡེ་ལྔ་སོགས་ལ་རང་ལུགས་ཀྱི་བརྡ་ཆད་གཞག་མཚམས་མཐའ་ཆོད་དང་བཅས་པ་རྒྱས་པ་དང་། རྗེ་ཉིད་ཀྱིས་མཛད་པའི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལ། མཁས་པ་དུ་མའི་བཞེད་སྲོལ་ལེགས་བཤད་ཀྱིས་བརྒྱན་པའི་བཤད་པ་རྒྱས་པ་དང་། ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་འདུལ་བའི་སྐབས་དེ་རང་ཉིད་ཀྱི་ཟིན་ཐུན་སྐྱོར་ཆོས་སུ་བྱས་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཉེ་བར་འཁོར། འོད་བསྲུང་། ཀུན་དགའ་བོ། ཤྭ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ནག་པོ་པ། ལེགས་མཐོང་། ཕྱིར་མི་འོང་བློས་མི་འབེབས། ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གེའི་གདོང་ཅན། ཁ་ཆེ་ཛི་ན་མི་ཏྲ། དཱ་ན་ཤི་ལ། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་བྱང་ཆུབ། གཟུས་རྡོ་རྗེ་རྒྱལ་མཚན། སོག་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉ་མཚམས་པ་རིན་ཆེན་བླ་མ། དེ་གསུམ་ལ་རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚོ་བྱང་ཆུབ་རྡོ་རྗེ། བྱ་འདུལ་བརྩོན་འགྲུས་འབར། ཆོས་ཀྱི་དབང་