R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦ན
[A:༥༦ན]ཕྱུག ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས། རིན་ཆེན་དཔལ། རིན་ཆེན་བསོད་ནམས་གྲགས་པ། བུ་སྟོན་ཐམས་ཅད་མཁྱེན་པ། དམར་སྟོན་རྒྱ་མཚོ་རིན་ཆེན། ཀུན་མཁྱེན་གཡག་པ་མན་འདྲ། ༈ །དབུ་མའི་སྐོར་ལ་འཇུག་པ་དཀའ་འགྲེལ་ཉིད་ལ་མཁས་པ་སྔ་མ་སོ་སོས་མཛད་པའི་ཊཱིཀྐ་ནས་ལེགས་བཤད་ཀྱི་ཆ་བསྡུས་ཤིང་། རྗེ་ཉིད་ཀྱིས་མཛད་པའི་དབུ་མ་འཇུག་པའི་སྤྱི་དོན་ཐེག་པ་མཆོག་གི་གནད་ཀྱི་གསལ་བྱེད་ཟབ་མོ་ལྟ་བའི་དགོངས་རྒྱན་ཞེས་བྱ་བ་ལ་དཀའ་གནས། དོགས་སློང་། དགག་སྒྲུབ་དང་བཅས་པའི་བཤད་པ་རྒྱས་པ། ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་དབུ་མའི་སྐབས་དེ་རང་ཉིད་ཀྱི་ཟིན་ཐུང་སྐྱོར་ཆོས་སུ་བྱས་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། ཀླུ་སྒྲུབ། ཨརྻ་དེ་ཝ། ཟླ་གྲགས། གཞོན་ནུ་འབུམ། གསེར་གྱི་གོ་ཆ། པ་ཚབ་ཉི་མ་གྲགས། རྨ་བྱ་བྱང་བརྩོན། ཚུར་གཞོན་ནུ་སེང་གེ རྨ་བྱ་ཤཱཀྱ་སེང་གེ ཞང་ཆོས་ཀྱི་བླ་མ། འཆིམ་ནམ་མཁའ་གྲགས་པ། བཅོམ་རལ། དེ་གཉིས་ཀ་ལ་ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཀུན་མཁྱེན་གཡག་པ་མན་འདྲ། ༈ །དམ་པའི་ཆོས་མངོན་པ་མཛོད་ལ། ཀུན་མཁྱེན་གྱི་ངོ་མཚར་གསུམ་ལྡན། མུས་རབ་འབྱམས་པའི་ཊཱིཀྐའི་སྟེང་ནས་གཙོ་བོ་དང་། རྗེ་ཉིད་ཀྱིས་མཛད་པའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད་ངག་གི་སྒྲོན་མེ་ཞེས་བྱ་བ་ལ་མཁས་པ་སྔ་ཕྱི་རྣམས་ཀྱིས་བཞེད་པ་མི་འདྲ་བའི་ལེགས་བཤད་