R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ]རྣམས་ཕྲ་ཚོམ་དུ་བཀོད་པའི་ཚུལ་གྱི་བཤད་བཀའ་རྒྱས་པ་དང་། ཉིད་ཀྱིས་མཛད་པའི་པོད་ཆེན་དྲུག་གི་འབྲེལ་གཏམ་གྱི་མཛོད་ཀྱི་སྐབས་དེ་ཟིན་ཐུན་སྐྱོར་ཆོས་ཀྱི་ཚུལ་དུ་སྦྱར་ནས་ཞིབ་ཏུ་གནང་བ་ནོས་པའི་བརྒྱུད་པ་ནི། དབྱིག་གཉེན། བློ་བརྟན། གང་བ་སྤེལ་ནས་བརྒྱུད་དེ། ཁ་ཆེ་པཎ་ཆེན། ས་པཎ། ཡང་ན་དབྱིག་གཉེན་ལ་ཨ་ཕྱི་མཆོད་རྟེན་གྱི་དྲུང་དུ་ས་པཎ་གྱིས་མནལ་ལམ་དུ་ཆོས་མངོན་པ་ཟླ་བ་གཅིག་གི་བར་དུ་ཡོངས་སུ་རྫོགས་པར་ཞུས། དེས་འཕགས་པ་ཆེན་པོ་ཆེ། ཞང་མདོ་སྡེ་དཔལ། མཉམ་མེད་གྲགས་རྒྱལ། དོན་རི་གྲགས་རྒྱལ། བླ་མ་དམ་པ། ཉ་དབོན་ཀུན་དགའ་དཔལ། ཀུན་མཁྱེན་གཡག་པ་མན་འདྲ། ༈ །ཡང་བདག་ཅག་གི་བླ་མ་དམ་པ་འདིས་ཡངས་ཅན་མཁན་རིན་པོ་ཆེ་སངས་རྒྱས་རྒྱ་མཚོའི་དྲུང་དུ་སྡེ་བདུན་དགོངས་རྒྱན་གྱི་སྟེང་ནས་རྣམ་འགྲེལ་གྱི་བཤད་བཀའ། ཕར་ཕྱིན་དཀའ་འགྲེལ། མི་ཕམ་དགོངས་འགྲེལ། ཡུམ་དོན་རབ་གསལ་སོགས་ཀྱི་སྟེང་ནས་ཕར་ཕྱིན་གྱི་བཤད་བཀའ། ངེས་དོན་རབ་གསལ་སོགས་ཀྱི་སྟེང་ནས་དབུ་མའི་བཤད་བཀའ། མུས་རབ་འབྱམས་པའི་མཛད་པའི་མདོ་དོན་གསལ་བའི་ཉི་འོད་ཀྱི་སྟེང་ནས་འདུལ་བའི་བཤད་བཀའ། མུས་རབ་འབྱམས་པས་མཛོད་ཊཱིཀྐའི་སྟེང་ནས་མཛོད་ཀྱི་བཤད་བཀའ་སོགས་རྒྱས་པར་གསན་གསུངས་པས། དེ་དག་གི་བརྒྱུད་པ་ནི། མདར་རབ་འབྱམས་པ་གྲགས་པ་རྒྱལ་མཚན་ཡན་གོང་ལྟར་ལས། པཎ་ཆེན་ཤེས་རབ་བཀྲ་ཤིས། པཎ་ཆེན་ལེགས་པའི་བློ་གྲོས། འཇམ་དབྱངས་གྲགས་པ་དཔལ་འབྱོར། མཁན་ཆེན་སངས་རྒྱས་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་