R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན]པའི་རྒྱལ་མོའི་སྒྲུབ་ཐབས། ཚེ་དཔག་མེད་ཛེ་ཏ་རི་ལྷ་དགུའི་སྒྲུབ་ཐབས་བདུད་རྩི་རྒྱ་མཚོ་ལྷ་ཅིག་སངས་རྒྱས་སྐྱབས་མ་ལ་གནང་བ། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས། འཆི་མེད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། དཔལ་གུར་གྱི་མགོན་པོ་ཁྲོ་བཅུའི་སྲུང་འཁོར་ཁམས་གསུམ་བདུད་ལས་རྣམ་རྒྱལ། མགོན་པོ་དཔའ་གཅིག་གི་སྒྲུབ་ཐབས་བདུད་འཇོམས་རྡོ་རྗེ་རྣམས་སོ། །ཉེར་མཁོ་ལ་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག ས་སྐྱ་པའི་དཀར་གཏོར་ཆ་བཞི་གཏོང་ཚུལ་གསུང་རྒྱུན་མ། གཏོར་ཆེན་ཟུར་འདེབས། རྣམ་རྒྱལ་སྟོང་མཆོད་ཀྱི་ཆོག་སྒྲིག་འཆི་མེད་དཔལ་སྟེར། ཁྲོ་བོ་རྨེ་བརྩེགས་ཀྱི་བསྟོད་པ་གྲིབ་སེལ་ཀུན་གྲོལ། བཀྲ་ཤིས་ཤླཽ་ཀ་གཅིག མྱུར་རྩིས་རྣམ་དག་སྐྱོན་མེད་ཉེར་མཁོ་ཀུན་གསལ། ཐུབ་ཤིང་བགོད་བཞིའི་ཡིག་ཆུང་། འཁོར་ལོ་བདེ་མཆོག་གི་འཆད་ཐབས། བདེ་མཆོག་རྩ་རྒྱུད་ཀྱི་ས་བཅད་རྩོམ་འཕྲོ། རྡོ་རྗེ་ཕྲེང་བའི་ཟིན་བྲིས། གནས་ཡུལ་རྩ་ཁམས་ཀྱི་དབྱེ་བ། ཞལ་གཉིས་མའི་བྱིན་རླབས་བྱེད་ཚུལ། དབང་བཤད་མདོར་བསྡུས། སྨོན་ལམ་ཤླཽ་ཀ་གཅིག མགོན་པོ་ལྷ་ལྔའི་དབང་བཤད། བྱང་པ་བདག་ཆེན་ཀུན་དགའ་བཀྲ་ཤིས་པ་ཆེ་འདོན་མཛད་དུས་གནང་བའི་མོལ་གཏམ་དགོས་པ་སྐབས་དོན། རྩེ་གདོང་པའི་སྒེར་གྱི་གདུང་རབས། བསྔོ་བ་གཅིག རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་གི་བརྒྱུད་པ་ལ་ནང་མཆོད་འབུལ་བའི་ཚིགས་བཅད། ནག་པོ་ཆེན་པོ་ཕྱག་གཉིས་པའི་བསྟོད་པ་ཕྲེང་འཛིན་ཆོས་ཀྱི་ཉིན་བྱེད་ཀྱིས་མཛད་པ་ལ་འགྱུར་གནང་བའི་སྐད་གཉིས། རྗེ་བཙུན་སྒྲོལ་མའི་མཚན་