R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན]ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མདོ་སྡེ་རྒྱན་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་ལྡན་གང་བ་སྤེལ། རིན་ཆེན་རྡོ་རྗེ། སད་ཛ་ན། ས་ར་ཧེ་ར། བློ་གྲོས་གྲགས། མར་པ་ཇོ་འཕན། འཆིམ་སྟོན་དོན་འགྲུབ། འཆིམ་སྟོན་བརྩོན་སེང་། འཆིམ་སྟོན་ནམ་གྲགས། སྐྱི་སྟོན་ཁུ་དབོན། ཇོ་ནང་ཀུན་མཁྱེན་སོགས་ནས་བརྒྱུད་དེ་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་འགྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་ལུང་གི་རྒྱ་མཚོ་དེ་ཉིད་ཀྱི་དྲུང་དུ། རྒྱལ་བ་གཉིས་པ་རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་གསུང་འབུམ་གྱི་ལུང་ཐོབ་པའི་ཚུལ་ནི། འགྲོ་ཀུན་དགའ་མཛད་རྗེ་བཙུན་ཐུགས་རྗེ་ཅན། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྙིང་པོའི་བཅུད། །གདུལ་བྱ་ཀུན་ལ་ཐར་པའི་ས་བོན་འདེབས། །བླ་ཆེན་ས་སྐྱ་པ་དེས་བདག་ཅག་སྐྱོངས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་བླ་མ་ས་སྐྱ་པ་ཆེན་པོའི་བཀའ་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ལམ་འབྲས་བརྒྱུད་པའི་གསོལ་འདེབས། བིརྺ་པ་ཞལ་གཟིགས་དུས་བསྟོད་པ། ཞང་དགོན་པ་བའི་བསྟོད་པ། རྒྱུད་ཀྱི་སྔོན་འགྲོ་ཚུལ་བཞིའི་ནང་ནས་དང་པོ་སྟོན་པའི་སྤྱི་རྣམ་ཆུང་ངུ་།
འདི་སློབ་དཔོན་རིན་པོ་ཆེ་བསོད་རྩེའི་སྤྱི་རྣམ་ཆེན་མོའི་ནང་ན་ཚང་བར་ཡོད།
བརྟག་གཉིས་ཀྱི་ས་བཅད། བརྟག་