R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧བ
[A:༥༧བ]གཉིས་ཀྱི་ཚིག་འགྲེལ་མངའ་རིས་པ་གསལ་བའི་སྙིང་པོས་མཛད་པ། བརྟག་གཉིས་དཀའ་འགྲེལ་འཁོན་སྒྱི་ཆུ་བས་མཛད་པ་འདི་གཉིས་རང་ལུགས་ལ་རྒྱུད་ཀྱི་ཡིག་ཆ་ཁུངས་ཐུབ་ཡིན་པས་གཅེས་སྤྲས་སུ་བྱས་ཏེ་ལུང་རྒྱུན་མི་ཉམས་པར་བྱ་བའི་ཕྱིར་འདིར་བཞུགས་པ་ཡིན། ས་ཆེན་རང་གིས་མཛད་པའི་བརྟག་གཉིས་ཀྱི་དཀའ་འགྲེལ་མན་ངག་དོན་གསལ་བྱ་བ་ཤོག་གྲངས་ཉེར་བདུན། རྡོ་རྗེ་གུར་གྱི་ཐོ་ཡིག འདི་ལས་འབུམ་ལྔ་དང་རྩ་བཤད་སྦྱོར་ཚུལ་དང་། ལེའུ་གང་ལས་བརྗོད་བྱ་གང་བསྟན་ཡོད། གུར་གྱི་བཤད་པའི་ཆིངས། རྡོ་རྗེའི་གླུ་བཤད་པ། རྩའི་མངོན་རྟོགས་ཀྱི་འགྲེལ་པ།
འདི་ལྷག་པས་མི་དགོས་བྱའང་བཤད།
རྡོ་རྗེ་སྙིང་འགྲེལ་སྔ་འགྱུར་གྱི་ཡིག་སྣ།
འདི་འཕྲོ་ཅན་ཞིག་ཡོད།
མཚོ་སྐྱེས་ཀྱི་ལོ་རྒྱུས། སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན།
དབུ་ཕྱོགས་ལ་ས་གཞུང་སྦྱར་བའི་སྟེང་དུ་བཤད་པ་ཐོར་རེ་བ་གཅིག་འདུག ཡང་མཆོད་བརྗོད་དང་བརྩམ་པར་དམ་བཅའ་སྔོན་དུ་འགྲོ་བའི་བསྐྱེད་རྫོགས་དང་བཅས་པ་ཚན་པ་གཉིས་འདུག སྨོན་ལམ་དབང་བཞི་མའི་བཤད་པ་ཡང་བསྡུས་དོན་གྱི་མཇུག་ན་ཡོད།
དེའི་འགྲེལ་ཚིག་གི་བུམ་པ། རྡོ་རྗེ་གུར་གྱི་ཟིན་བྲིས་སྒོ་རུམ་དཔེ་ཁང་ནས་བྱུང་བ་མཆན་ཡང་ཐོ་རེ་ཡོད་པ། སམྦུ་ཊའི་རྒྱུད་ཀྱི་དཀའ་འགྲེལ། སམྦུ་ཊའི་རྒྱུད་ཕྱི་མའི་ཊཱིཀྐ་ཚན་པ་གཉིས།
རྗེ་བཙུན་རྩེ་མོས་རྒྱུད་ཕྱི་མ་ལ་རྣམ་བཤད་མི་མཛད་པའི་རྒྱུ་མཚན་ཡང་ས་ཆེན་གྱི་གཉིས་པོ་འདི་ཡོད་པས་ཡིན།
ཀྱེ་རྡོ་རྗེའི་གདན་གྱི་རྣམ་དག་སྔོན་བྱུང་ཆོ་འཕྲུལ་དང་སྦྱར་བ། དེ་ཉིད་བཅུའི་གསལ་བྱེད། རིན་ཆེན་རྡོ་རྗེས་མཛད་པའི་འདོད་རྒྱལ་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ་རྣམས་ཀ་པ་ལ་བཞུགས། ཁ་པ་ལ་བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ་ཚིགས་བཅད་མ། བདེ་མཆོག་རྩ་རྒྱུད་ཀྱི་ཟིན་བྲིས། བདེ་མཆོག་ནག་པོ་པའི་དབང་གི་ཐོ་ཡིག
ཐེ་ཚོམ་ཅན་ཡིན་ཟེར།
བདེ་མཆོག་གི་རྒྱུད་ཀྱི་