R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན]དཀའ་གནས་ཀྱི་ཟིན་བྲིས། ནག་པོ་པའི་ལོ་རྒྱུས། གཞུང་དྲུག་སྤྱིའི་རྣམ་གཞག གཞུང་དྲུག་སོ་སོའི་བསྡུས་དོན། དབང་ཆོག་རས་བྲིས་ལ་བརྟེན་པ། སྒྲུབ་ཐབས་སྦྱིན་སྲེག རྫོགས་རིམ་གསང་བའི་དེ་ཁོ་ན་ཉིད། ཨོ་ལ་པ་ཏིའི་རྣམ་གཞག འཁོར་ལོ་སྡོམ་པའི་རིམ་བཞིའི་ལམ་སློང་། ཨོ་ལ་པ་ཏི་དང་། དཔྱིད་ཀྱི་ཐིག་ལེའི་སྔགས་རིམ་བསྒོམ་ཚུལ།
ནག་འབུམ་འདི་ལ་ཆོས་སྣ་བཅོ་ལྔ་བཞུགས་པ་དང་། བཅུ་བདུན་དུ་བཞུགས་པ་གཉིས་སུ་ཡོད་འདུག
འཇིགས་བྱེད་རྟོག་བདུན་གྱི་རྣམ་བཤད། འཇམ་དཔལ། མི་གཡོ་བ། སྒྲོལ་མ་རྣམས་ལ་བསྟོད་པ་རེ་རེ། སྒྲོལ་མ་ལྷ་བཅུ་བདུན་གྱི་དབང་གི་ཐོ་ཡིག མན་ངག་གཅེས་བསྡུས་རིན་ཆེན་ཕྲེང་བ།
འདིའི་ནང་ན་གྲུབ་པའི་སློབ་དཔོན་སོ་སོ་ལས་བརྒྱུད་པའི་མན་ངག་རྣམ་གྲངས་དུ་མ་ཡོད་ཅིང་། འདི་ས་ཆེན་རང་རྐྱང་པས་མཛད་པ་མིན་པ་འདྲ་སྟེ། སྐེད་བར་ན་རྗེ་བཙུན་གྱིས་མཛད་པའི་ཕྱག་ཆེན་གཅེས་བསྡུས་ཀྱི་ནང་ཚན་འདྲ་དང་། མཇུག་ན་ས་པཎ་གྱིས་མཛད་པའི་ལམ་སྦས་བཤད་ཀྱི་མན་ངག་འགའ་རེ་ཡང་འདུག ས་སྐྱ་པ་རང་གི་མན་ངག་སྔ་ཕྱི་སློབ་རྒྱུན་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ལུང་རྒྱུན་མཁན་ཆེན་ཤེས་རྡོར་བས་གསན་པ་འདིར་བཅུག་པ་ཡིན་པ་འདྲ། འདི་ལ་འགལ་བ་མེད་དོ། །
ཨུཥྞའི་སྲུང་འཁོར། མཧཱ་མ་ཡའི་རྒྱུད་སྟོང་ཕྲག་བརྒྱད་ཅུ་པ་ནས་གསུངས་པའི་བྷ་ཡ་ནའི་སྲུང་འཁོར། སྐྱུ་ར་ཨ་སྐྱབས་ལ་ཞུ་ཡིག བུམ་གཏེར་བྱ་ཐབས། རྡོ་རྗེ་ཕུར་པའི་མངོན་རྟོགས། ཕུར་པའི་ལས་བྱང་། ཁྱུང་ཁྲའི་མན་ངག་བླ་མ་མལ་ནས་བརྒྱུད་པ། དུར་ཁྲོད་བདག་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་མུ་ཏིག་ཕྲེང་བ་གཉན་ཕུལ་བྱུང་བས་མཛད་པ། བདེ་མཆོག་ལཱུ་ཧི་པའི་འབྲུ་འབུམ་གཉན་གྱིས་མཛད་པ་རྣམས་ལེགས་