R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥བ
[A:༢༥བ]བརྒྱ་མཆན་མ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་མཆན་མ། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་རིང་གླེང་གཞི་ཕན་ཡོན་དང་བཅས་པ་འདི་ལ་སྐད་གཉིས་མེད། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མཆན་མ། རྡོ་རྗེའི་གླུ་མཆན་མ། བི་རུ་པའི་སྔགས་ཨངྒུ་རི་མཆན་མ། འཁོར་ལོ་བདེ་མཆོག་གི་སྔགས་ཕྲེང་མཆན་མ། ཨུཥྞི་ཥ་མཆན་མ། སྒྲ་མི་སྙན་གྱི་གཟུངས་མཆན་མ། ཚེ་དཔག་མེད་ཀྱི་གཟུགས་རིང་ཐུང་གཉིས་མཆན་མ། སྒྲོལ་མའི་ཡི་གེ་བཅུ་པ་མཆན་མ། ཧེ་རུ་ཀའི་ཡིག་བརྒྱ་མཆན་མ། བྷ་ཡ་ན་མཆན་མ། ཀྱཻ་རྡོར་གྱི་གཏོར་སྔགས་མཆན་མ། མགོན་པོའི་ཡི་གེ་བཅུ་གཉིས་མ་དང་། བདུན་མ་མཆན་མ། མཁའ་འགྲོ་སྤྱི་གཏོར་གྱི་གཏོར་སྔགས་མཆན་མ། བཅུ་གཅིག་ཞལ་གྱི་གཟུངས་མཆན་མ། ཚུལ་ཁྲིམས་རྣམ་དག་གི་གཟུངས་མཆན་མ། རྡོ་རྗེ་སྒྲོལ་མ། སོ་སོ་འབྲངས་མ། སྟོང་ཆེན་མོ། རྨ་བྱ་ཆེན་མོ། གསང་སྔགས་རྗེས་འཛིན། བསིལ་བའི་ཚལ། རི་ཁྲོད་མ། སྣ་ཚོགས་ཡུམ་རྣམས་ཀྱི་གཟུངས་མཆན་མ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་མཆན་མ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་མཆན་མ། ངན་སོང་སྦྱོང་བའི་གཟུངས་མཆན་མ། མི་འཁྲུགས་པའི་གཟུངས་མཆན་མ། འཆི་འཇོམས་འཁོར་བཅས་ཀྱི་སྔགས་མཆན་མ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་གཟུངས་མཆན་མ། མཆོད་པའི་སྤྲིན་གྱི་གཟུངས་མཆན་མ། མཆོད་རྟེན་བསྐོར་བའི་གཟུངས་མཆན་མ། ཡོན་སྦྱོང་བའི་གཟུང་མཆན་མ། སྨན་བྱིན་གྱིས་བརླབས་པའི་སྔགས་མཆན་མ། འབྱུང་པོ་འདུལ་བྱེད་ཀྱི་སྔགས་མཆན་