R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]རྗེ་སྦས་པའི་སངས་རྒྱས་གང་དེས་སྲུངས། ༩ །དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བའི་ལྷ། །ལྷ་མཆོག་དཀྱིལ་འཁོར་གཙོ་བོ་རིགས་བརྒྱའི་བདག །བདག་གི་སྐྱབས་གཅིག་རྗེ་བཙུན་མུས་པར་འདུད། ༡༠ །གཞན་ཡང་རྒྱལ་བའི་བསྟན་པ་གཅེས་འཛིན་པའི། །འགྲོ་ཀུན་དགའ་མཛད་དོན་གཉིས་ལྷུན་གྲུབ་དང་། །སྦྱིན་སོགས་ཕར་ཕྱིན་སྤྱོད་པ་མཐར་སོན་པའི། །སྙན་པའི་གྲགས་པ་གསལ་དེ་བསྔགས་པར་འོས། ༡༡ །ཟབ་ཡངས་མན་ངག་ཀུན་ལ་དབང་ཕྱུག་པའི། །རིམ་གཉིས་ཏིང་འཛིན་ཟབ་མོར་རབ་བརྟན་དང་། །ངག་དབང་ལྷ་དང་དབྱེར་མེད་ཐམས་ཅད་མཁྱེན། །ཆོས་ཀྱི་གྲགས་པ་སྲིད་ན་གསལ་དེ་བསྔགས། ༡༢ །དེ་སོགས་རྩ་རྒྱུད་བླ་མའི་བཀའ་དྲིན་ལས། །དམ་ཆོས་ཐོས་ཚུལ་ལེགས་པར་བཤད་པའི་གཏམ། །ཟབ་རྒྱས་