R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]མ། གཤིན་རྗེ་གཤེད་ཀྱི་སྔགས་མཆན་མ། གནོད་སྦྱིན་ཕོ་མོའི་སྔགས་མཆན་མ། རྣམ་ཐོས་སྲས་འཁོར་བཅས་ཀྱི་སྔགས་མཆན་མ། བྱིན་དབབ་པའི་སྔགས་མཆན་མ། གཟུངས་གྲ་ལྔ་རྒྱ་དཔེ་ལས་དག་པར་བཤུས་པ། ཚེ་དཔག་མེད་ཀྱི་མདོ་རྣམས་ལ་ཞུས་དག་དང་འགྱུར་སོགས་མཛད་པའི་སྐད་གཉིས་མ། བདེ་མཆོག་དཀར་པོའི་ཁྲིད་ཡིག་ཟུར་འདེབས་གསལ་བའི་སྒྲོན་མེ། གཤེད་དམར་གྱི་ཁྲིད་ཡིག་གསལ་བྱེད་ངེས་དོན་རྡོ་རྗེའི་རྣལ་འབྱོར་གྱི་ཐེམ་སྐས། ཀུ་རུ་ཀུ་ལླེའི་རྫོགས་རིམ་ཨུཏྤ་ལའི་ལྕགས་ཀྱུ། རྡོ་རྗེ་ཕུར་པའི་འཆམ་བཤད། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ཆོ་གའི་གསལ་བྱེད་རིན་པོ་ཆེའི་དོ་ཤལ། སྦྱིན་སྲེག་རྡོ་རྗེའི་མེ་འོད། གཏོར་ཟློག་དགྲ་བགེགས་ཀུན་འཇོམས་ཀྱི་ལྷན་ཐབས་གསལ་བྱེད་གནམ་ལྕགས་རྡོ་རྗེའི་དབལ། མཧཱ་ཀཱ་ལའི་གཏོར་ཆོག་འཕྲིན་ལས་ལྷུན་གྲུབ། མཧཱ་ཀཱ་ལའི་གཏོར་ཆོག་བདུད་ལས་རྣམ་རྒྱལ། དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་ཆོག་རྒྱུན་གྱི་ཉམས་ལེན་བཀླགས་པས་གྲུབ་པ། དཔལ་ས་སྐྱ་པའི་ཡི་དམ་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ་བའི་ཐོ་སྣར་ཐང་དཔོན་མོ་ལ་གནང་བ། རྡོ་རྗེ་ནག་པོ་ཆེན་པོའི་ཞི་བའི་སྦྱིན་སྲེག དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་བསྐང་གསོ་མཉེས་བྱེད་འཆི་མེད་སྒྲ་དབྱངས། དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མའི་བསྐང་གསོ་དངོས་གྲུབ་རོལ་མཚོ། དཔལ་མགོན་འཁོར་དང་བཅས་པ་ལ་བསྟོད་པ་དགྲ་བགེགས་སྲོག་གཅོད་ཀྱི་འཁོར་ལོ། །དཔལ་ས་སྐྱ་པའི་ཆོས་སྐྱོང་རྡོ་རྗེ་གུར་གྱི་མགོན་པོའི་ལས་ཚོགས་གཏོར་མ་ལ་བརྟེན་ནས་དགྲ་བསད་པའི་མན་ངག་དྲུག་ཅུ་པའི་