R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༧
[A:༥༧༧]ཀྱང་ངོ་མཚར་བྱེད་པའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཅི་ཡང་ཀླུབས། །
ཆོས་སྐྱོང་དངོས་སུ་བཞུགས་ཚུལ་འཇིགས་རུང་གི་ཉམས་ལྡན།
རྡོ་རྗེ་ཅན་གྱི་དམ་ཚིག་རྗེས་སྐྱོང་བའི། །ཡོངས་རྫོགས་བསྟན་པའི་དཔལ་འདི་བསྲུང་བའི་ཆེད། །རྫུ་འཕྲུལ་དཔག་ཡས་མ་ཧཱ་ཀཱ་ལའི་ཚོགས། །མངོན་སུམ་བཞུགས་ནས་བདུད་སྡེའི་ཀླད་པ་འཐག །
དུང་དང་གཎྜིའི་སྒྲས་དགེ་འདུན་འདུ་ཚུལ།
ཆོས་ཀྱི་དུང་དང་རྔ་ཆེན་གཎྜཱིའི་སྒྲ། །སྤྲིན་ཆེན་འབྲུག་གི་གད་རྒྱངས་ལས་ལྷག་པས། །ཚུལ་བཞིན་མགྲོན་གཉེར་ངུར་སྨིག་འཛིན་པའི་དཔུང༌། །ལི་ཁྲིའི་ཆུ་གཏེར་གཡོ་བའི་དབའ་ཀློང་བཞིན།
དགེ་འདུན་ལྷག་པར་མང་བའི་ངུར་སྨྲིག་གིས་ནམ་མཁའི་མདོག་ཀྱང་བསྒྱུར་ཚུལ་ཉམས་ལྡན་གྱི་རྒྱན།
།འདུས་པ་རྒྱ་མཚོའི་སྣམ་སྦྱར་འཕགས་པའི་གོས། །གུར་གུམ་གཞོན་ནུའི་ཚོན་གྱིས་ནམ་མཁའི་ཁམས། །སིནྡྷུ་
དམར་སེར་
ཝ་ར་ལི་ཁྲིའི་རྡུལ་ཚོགས་ལྟར། །དམར་སེར་འོད་ཀྱི་དཀྱིལ་འཁོར་རྒྱ་ཆེའི་དབུས།
བཞུགས་གདན་སེང་གེའི་ཁྲི་ལ་འགྱིང་ཚུལ་ཆོས་དཔེ།
མི་འཇིགས་བཞི་ཡི་ལག་ལྡན་དགྲས་བཏེག་པའི། །གསེར་གྱི་རྐང་རྟེན་དང་བཅས་རིན་ཆེན་ཁྲིར། །གཉའ་ཤིང་འཛིན་རིའི་ཕྲག་པར་ཉིན་བྱེད་ལྟར། །ཀུན་ནས་བརྗིད་པའི་ཞབས་ཟུང་བརྟན་བཞིན་དུ། །
སེང་གེའི་ཁྲིའི་སྟེང་ནས་ཆོས་འཁོར་བསྐོར་ཚུལ།
དབང་བཞིའི་ཀླུང་ཆེན་འབེབས་ལ་མ་ཐོགས་པས། །མཐའ་དྲུག་རྒྱུད་སྡེའི་ཕྱག་རྒྱ་བདེར་བཀྲོལ་ནས། །གསུང་ངག་གདམ་པ་རྒྱ་མཚོའི་ཆོས་འཁོར་གྱིས། །འགྲོ་ཀུན་སྨིན་གྲོལ་མཛད་པའི་རྡོ་རྗེ་འཛིན། །
གདན་རབས་རིམ་པར་ཕེབས་ཚུལ།
གསེར་རིའི་ཕྲེང་བ་ཇི་བཞིན་ལྷུན་ཆགས་ཉིད། །སྐལ་བཟང་བསོད་ནམས་རྒྱས་པའི་རྣམ་འདྲེན་དུ། །རྒྱལ་ཀུན་དགེས་པའི་འཁོར་ལོས་མངའ་གསོལ་
གཟི་བརྗིད་ཅན་གྱི་རྒྱན་
ནས། །སྤེལ་ལེགས་རིམ་གྱིས་ཕེབས་པ་རྒྱུན་མི་ཆད། །འདིར་གདན་རབ་རྣམས་ཀྱི་རྟོགས་བརྗོད་དང་བསྟོད་པ་མདོར་བསྡུས་ཤིག་བརྗོད་པར་སྤྲོ་མོད། འདིར་ཡི་གེ་མངས་ཀྱིས་དོགས་དང་ཁྱད་པར་ལམ་འབྲས་ཆོས་