[A:༥༢༦]ཁ་ལྟ་བ་སོགས་བཤད་པ་མང་དུ་བྱུང་སྣང༌།
རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་གནས་ཆེན། གཙུག་ཏོར་རྣམ་པར་རྒྱལ་མ་དང༌། གུར་གྱི་མགོན་པོ་ལ་སོགས་པ་ཡི་དམ་མཁའ་འགྲོས་ལུང་བསྟན་པའི་གནས་ཏེ། དེ་ཡང་རྗེ་དཔོན་སློབ་རྣམས་གནས་འདིར་ཕེབས་དུས་གནས་ཀྱི་དངོས་གཞི་གཟིགས་པའི་གནས་སྐོར་ཕེབས་ནས་གཟིགས་པའི་ཚེ། དགེ་བཤེས་དོན་གྲུབ་ལ་དུང་བུས་གསུངས་ནས་བུས་པས་ཤིན་ཏུ་ལེགས་ཤིང་ཐམས་ཅད་བླ་དྲོས་པ་ལྟ་བུ་བྱུང་བས། ས་ཆའི་མིང་ཡང་བླ་རྫིང་དུ་གྲགས་ཤིང་རྡོ་ལ་རྗེའི་མཚན་བྱང་བརྐོས་པ་ཡང་ཡོད་དོ། །ད་ལྟ་གཙུག་ལག་ཁང་ཡོད་ས་དེ་ནས་ཕན་ཚུན་ཡས་མར་དུ་གཟིགས་ནས། ཐོག་ཀ་བའི་སྤྱི་ད་ལྟ་གཟིམས་
ཁང་ཡོད་ས་ཁང་འོག་ཟེར་
དེ་ལ་ཕྱག་མཛུབ་གཏད་ནས། འདི་སྐོར་དུ་ཆུ་མིག་ཅིག་ཡོད་དགོས་ཏེ་མི་སྣང༌། དེ་མིན་འདི་ག་ཡིན་ཚོད་དུ་འདུག་གསུངས། དེར་ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་མཛད་པས། གཏོར་ལེན་ལ་བྱ་རོག་ལྔ་བྱུང་ཟེར། ཁར་སིང་མཁན་པོ་པས་ནས་སྤུངས་སར་བྱོན་པས་སྙེ་མ། བཟང་པོ་གསུམ་འདུག་ཟེར། གནས་འདི་ཤིན་ཏུ་བཀའ་གཉན་པས་བྱ་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་མཁར་ལས་བྱེད་མི་རྣམས་ས་སྐྱ་ནས་བཏེག །བཅོ་བརྒྱད་ལ་ངོར་དུ་སླེབ། ཟླ་བ་གསུམ་པའི་ཚེས་བདུན་ལ་བཟའ་སྐར་བཟང་བས། གཟིམས་ཁང་ཀ་དྲུག་མའི་རྨང་བཞག་ནས་མཁར་ལས་བྱས། ཟླ་བ་ལྔ་པའི་ཚེས་གཉིས་ལ་དགོན་པར་ཆུ་ཐོག་བབས། མིག་མཐོང་མཁན་གྱིས་མཐོང་སྣང་ལ་ཨ་ཙ་ར་ནག་པོ་ཆེན་པོ་གཅིག་གིས་སྲུང་ཞིང་འདུག་པ་རྨིས་པ། ཁང་པ་འགྱེལ་རྒྱུ་ཡིན་ཟེར་བའི་གྲགས་པ་བྱུང་ངོ༌། །ཆོས་རྗེ་ཉིད་གཏིང་ཁེབས་ན་བཞུགས་པ་ལ་ཡང་དེའི་མཚན་མ་བྱུང་གསུངས། སྔ་ཕྱིར་བྱུང་བའི་ལྟས་འགའ་ཞིག་ལ་བསམ་ན། དགོན་པ་འདི་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱིས་བདག་ཏུ་བཟུང་བ་ཞིག་ཡིན་པར་ངེས་ཏེ། ཆོས་རྗེ་གློ་བོར་བྱོན་ནས་མར་ལམ་ས་སྐྱར་ལམ་