[A:༥༢༥]ཤིང་ལ་ཕྱིན་པ་ལ་སོགས་པ་ལོ་རྒྱུས་བྱུང་བས། སྔར་གྱི་ཐུགས་དམ་དུ་བྱུང་བའི་ས་ཆ་དེ་ཡིན་པར་མཁྱེན་ནས་ཉེ་གནས་བཀྲ་ཤིས་རྒྱལ་མཚན་དང༌། ཉི་མ་རྒྱལ་མཚན་གཉིས་བལྟར་བཏང་བ་ཝ་རོང་མན་གྱི་ཉིན་སྲིབ་མཐོང་བས་འདི་འདྲ་བ་འདུག་ཞུས་པས། ད་དུང་ཅུང་མིན་གསུངས། སྤྲེལ་ལོའི་དགུན་མཁན་ཆེན་ཤཱཀྱ་བཟང་པོ་དཔོན་སློབ་འགའ་ཞིག་སྐོར་དུ་བཏང་བས། ལ་མགོ་མན་གྱི་ཉིན་སྲིབ་ཐམས་ཅད་གཟིགས། ད་ལྟ་ལྡན་མའི་སྤྱི་ཁང་དང་རྫིང་གི་བར་དེར་ཆོས་སྐྱོང་གི་གདན་ནས་སྤུངས་ཏེ། ཡར་བྱོན་ནས་རྒྱུ་མཚན་ཞུས་པས། དེ་ག་ཡིན་ཚོད་དུ་འདུག་ཅེས་གསུངས། ཞལ་ད་ཇི་ལྟར་གནང་བ་ལྟར་འདུག་ཅིང༌། དེ་ཚེ་དགུན་ཡིན་ཀྱང་མེ་ཏོག་སོ་མ་གཅིག་སྐྱེས་པ་ཡང་གཟིགས་ཏེ་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གསུངས་སོ། །དེ་ནས་ས་མོ་བྱ་ལོའི་དབྱར་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་ཕེབས། མེ་ཏོག་སྐྱེས་སར་བླ་བྲང་བཏབ། དེ་ཡང་དགོན་གནས་འདི་ཉིད་ས་དཔྱད་ཀྱི་རྟེན་འབྲེལ་ཡང་བཀྲ་ཤིས་རྟགས་བརྒྱད་པདྨ་འདབ་བརྒྱད། གནམ་སྒོ་དང་གནམ་གཞུར་མ་དོད་པས་འཁོར་ལོའི་དབྱིབས་ཚང༌། དངོས་གྲུབ་ཀྱི་ཆུ་མིག་མང་པོ། ནོར་ལྷ་དང་ཆོས་སྐྱོང་གི་གཟུགས་བརྙན་ཅན་གྱི་རི་དང་བྲག་མང་པོ། གནས་དངོས་ཆོས་འབྱུང་གི་དབྱིབས་ཅན། དངོས་གྲུབ་ཀྱི་རྫས་མཐའ་དག་ཚང་བ། ཨོ་ཌི་ཡ་ནའི་གནས་དང་དབྱེར་མེད་ཅིང་ཤིན་ཏུ་བཀའ་གཉན་ཏེ། ས་གཞིའི་དབྱིབས་བཀྲ་ཤིས་དུང་གཟུགས་འདྲ་བས་སྙན་གྲགས་ཆེན་པོ་དུང་ལ་ཡོད་ཟེར།
འདིར་ག་རིང་བས་བརྟག་པའི་ཡི་གེར། ས་འབུམ་དཀར་ནག །སྟག་ཕོ་གཤམ་མོ་གཤམ། ས་རྒྱུད་ཆེ་ཆུང༌། ག་རིང་རྒྱལ་པོའི་བཞེད་གཞུང་བཞིན་བརྟགས་པར། གནམ་སྒོ་སོགས་མ་དོད་པ་ས་བཟང་དཔྱད་དུ་འགྲོ། །ས་གཞི་འཁྱོག་ལུང་པ་བྱིངས་ཤིང་སྡོང་གི་དབྱིབས་དང་མཚུངས་པས་ས་གཞི་ལྗོན་ཤིང་འདྲ་ཞིང༌། སྤང་དང་བྲག་རི་རྒྱས་མི་རབས་རེ་རེ་དར་བའི་དཔྱད་ཡིན། ཕུའི་གདོང་བྱང་ཕྱོགས་གྲོགས་རྩེ་ལ་ཁར་ཕྱིན་དང་མང་དུ་གྱིས། པད་སྡོང་ཨུཏྤལ་འདྲ་ན་བཤད་ཉན་འཕེལ། བཤད་ཉན་དགོན་པའི་གནས་སུ་བཤད་པ་ཡིན། བྱང་རི་སྐྱོབ་མཐོ་ལྷོ་ཕྱོགས་