R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༢
[A:༥༣༢]འདེབས་པའི་ཐུགས་བྲེལ་གྱི་སྟབས་ནས་མ་བྱུང་ཞེས་རྗེ་གྲོལ་མཆོག་གསུང༌། ནཱ་ལེནྡྲའི་གདན་ས་པ་བདག་པོ་དབོན་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་དང༌། མཁས་པ་དགེ་བ་རྒྱལ་མཚན་པ་དང༌། སྤྱན་སྔ་ཀུན་དགའ་རྡོ་རྗེ་དང༌། གུང་རུ་ཤེས་རབ་བཟང་པོ། རྗེ་ཉིད་ཀྱི་སྐུའི་དབོན་པོ་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ཆོས་རྗེ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང༌། འདྲེན་མཆོག་དཀོན་མཆོག་འཕེལ་བ་ཡང་འཁྲུངས་ཙམ་གྱི་དུས་སུ་གཤེད་དམར་ཚེ་དཔག་མེད་སོགས་ཀྱི་དབང་གནང༌། རྒྱལ་ཚབ་ཏུ་ལུང་བསྟན་ཏེ། ཆོས་རྗེ་གློ་བོ་མཁན་ཆེན་པས་བསྟོད་པར། རྒྱལ་བས་ལུང་བསྟན་དེ་ཉིད་གཟིགས་པས་ཕུལ། །རྒྱལ་བ་གཉིས་པ་བསྟན་པའི་རྒྱལ་ཚབ་ཏུ། །སྲས་ཀྱི་ཐུ་བོ་ཁྱོད་ཉིད་ལུང་བསྟན་ནས། །རྟག་པར་ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་འདུད། །ཅེས་སོ། །གཞན་ཡང་བོ་དོང་བྱ་རྒོད་གཤོངས་ཀྱི་གྲྭ་ཚང་འཛུགས་མཁན་པཎ་ཆེན་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་དོན་གྲུབ་དང༌། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་དང༌། བཞི་སྡེ་ཆོས་སྡེར་དྲུང་ནམ་རྩེ་བ་དང༌། མཁྱེན་རབ་དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། གུ་གེ་ཆོས་དཔལ་བཟང་པོ། ལྷ་རིགས་གུ་གེ་ལྷ་བཙུན་པ་དང༌། གློ་བོ་པ་ཐུགས་སྲས་བླ་མ་དཔལ་ལྡན་པ་དང༌། བདེ་ལེགས་རྒྱལ་མཚན་པ་དང༌། བླ་མ་དཔལ་ལྡན་རྒྱལ་པོ་པ་དང༌། བསམ་རྩེ་ཆོས་རྗེ་དང༌། རྭ་སྟོན་ཡོན་ཏན་དཔལ་བཟང་སོགས་དང༌། གཞན་ཡང་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང༌། དམར་སྟོན་རྒྱལ་མཚན་འོད་ཟེར་དང༌། བཟང་ཆེན་ཕྱོགས་ལས་རྣམ་རྒྱལ་དང༌། ཆོས་ལུང་བཀའ་བཅུ་པར་གྲགས་པ་ཀུན་མཁྱེན་དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་དང༌། ཤཱཀ་བཟང་ནས་མཁས་གྲུབ་དཔལ་ལྡན་རྡོ་རྗེ་དང༌། སྙེ་མོ་རུ་པ་བཀའ་བཞི་པ་དང༌། གསང་མདའ་བ་ཆོས་གྲྭ་གསེར་མདོག་ཅན་འཛུགས་མཁན་པཎ་ཆེན་ཤཱཀྱ་མཆོག་ལྡན་པ་དང༌། གསང་ཕུ་གདན་ས་པ་པཎྜི་ཏ་ཤེས་རབ་དཔལ་ལྡན་པ་སོགས་