R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༣
[A:༥༣༣]དང༌། ཞྭ་ལུ་མཁྱེན་རབ་རྗེ། ཇོ་ནང༌། ངམ་རིང༌། རིན་སྤུངས། རྒྱ་མཁར་རྩེ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང༌། དེའི་གདན་ས་པ་འཇམ་དབྱངས་པ། སེ་ར་སོགས་ཆོས་སྡེ་ཆེན་པོའི་ཆོས་དཔོན་དང༌། གཞན་ཡང་ཉག་རེའི་དགེ་བཤེས་གྲུབ་ཐོབ་དོན་གྲུབ་ཞེས་པ་འདི་ཉིད་ཀྱིས། དང་པོར་རྗེ་ཉིད་ལ་དགོན་གནས་འདི་ཉིད་འདི་ལྟར་ཡོད་ཚུལ་གྱི་ཞིབ་ཆ་རྣམས་ཞུས། ཕྱིས་རྗེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང༌། ཉག་རེ་ཁང་གི་མུན་ཁང་དུ་སྒོམ་ཡུན་རིང་དུ་མཛད། ལྷོ་རོང་དུ་བྱོན་ནས་ཉམས་རྟོགས་གོང་ནས་གོང་དུ་འཕེལ་ཞིང་གྲུབ་པ་བརྙེས་ཏེ། རི་ཚོགས་ཆོས་སྡིངས་ནས་བམ་གསུམ་གྱི་བླ་མ་མཛད། དགོན་གང་དུ་བཞུགས་ལ་གྲྭ་རིགས་རྣམས་མ་འཆམས་པས། གསུམ་ཀ་རུ་བཞུགས་པར་ཞལ་གྱིས་བཞེས་ཤིང་འཕུར་ནས་དགོན་པ་གསུམ་ཀ་རུ་བཞུགས། ཞིང་བརྗེ་དུས་སྐུའི་བཀོད་པ་གསུམ་དུ་སྤྲུལ་ཏེ་དགོན་གསུམ་དུ་རེ་རེ་གཤེགས་པའི་ཚུལ་བསྟན། མཚན་ལ་གྲུབ་ཆེན་དམར་རི་བ་ཞུ་ཞེས་ཐོས་སོ། །གཞན་ཡང་གྲགས་པ་རིན་ཆེན་དང༌། དཔལ་གྱི་རྒྱལ་མཚན་དང༌། གུ་ཎ་པྲ་བྷ་
འདི་རྗེའི་སྐུ་དབོན་རྒྱལ་ཚབ་དམ་པའི་སློབ་དཔོན་ཡིན་
དང༌། སཾ་གྷ་མ་ཏི་དང༌། ལྡན་གྱི་ཕྱོགས་སུ་དམ་པ་ཀུན་སྤངས་པར་གྲགས་པ་དྲུང་ཆོས་ཀྱི་རྗེ་ཀུན་དགའ་རིན་ཆེན་པ་དང༌། ཀ་དྲུག་པ་དྲུང་རིན་པོ་ཆེར་གྲགས་པ་དང༌། ལྡན་མ་བཀའ་བཅུ་པར་གྲགས་པ་བསོད་ནམས་དཔལ་ལྡན་པ་དང༌། ཆེན་པོ་སངས་རྒྱས་བློ་གྲོས་པ་དང༌། མདོ་སྟོད་རྩ་མདོ་པ་གྱོང་པོ་སངས་རྒྱས་རྒྱལ་མཚན་པ་དང༌། སྲད་པ་གྲུབ་ཆེན་ཀུན་བློ་པ་དང༌། མཁའ་གྲུབ་ཟླ་བ་བཟང་པོ་སྐུ་མཆེད་སོགས་དང༌། འབྲིང་མཚམས་སུ་ཏིང་སྐྱེས་བྲག་དཀར་དགོན་པར་བྱང་སེམས་བསོད་ནམས་རིན་ཆེན་པ་དང༌། ཆུ་འདུས་སུ་ཆོས་རྗེ་མཁས་བཙུན་པ་སོགས་དང༌། ཚེ་འདི་ལ་གྲུབ་པ་བརྙེས་པ་ནི། བླ་མ་དཔལ་ལྡན་པའི་གསུང་གིས། ཚ་བ་རོང་པ་ཤཱཀྱ་རྒྱལ་མཚན་འཕན་ཡུལ་གྱི་རི་ལ་