[A:༣བ]དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྭ་སྟི་ཕཱ་ལ། སྒྲ་གཅན་ཟིན། པྲ་ཛྙཱ་པཱ་ལི་ཏ།
ཤེས་རབ་བསྐྱངས།
ཡེ་ཤེས་རྡོ་རྗེ། པྲ་ཧི་ཏ།རབ་ཏུ་ཕན་པ།
སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨ་ཕཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་ཤེས། སྣུར་ཉི་མ། འོད་ཟེར། གཤེན་རྡོ་རྗེ་སེང་གེ རྒྱ་གསར་པ། འབྲོ་ཛི་ཏི་པ། སྙེ་མདོ་པ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་མགོན་པོ་དབང་ཕྱུག གཉན་ལོ་གྲགས་པ་བློ་གྲོས། རྗེ་པྲ་ཛྙཱ་དྷྭ་ཛ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་དཔལ་རྡོར་པ། ར་ཆེན་ཡོན་ཏན་དཔལ་བཟང་། འཇམ་དབྱངས་ནམ་མཁའ་བརྟན་པ། དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན་པ་མན་འདྲ། དཀྱིལ་འཁོར་ཕྱི་མ་བཅུ་གཅིག་གི་བདག་མདུན་སྒྲུབ་ཚུལ། དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་བའི་ཕྱག་ལེན། དེའི་སྟ་གོན་གྱི་ཟུར་འདེབས་དང་བཅས་པ་རྗེ་སངས་རྒྱས་རིན་ཆེན་པས་མཛད་པ་རྣམས་ཐོས་སོ། ༈ །ཡང་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་གྱི་གཙོ་ཆེའི་ཆོས་སུ་གྲགས་པའི་འཕགས་ཡུལ་གྱི་གཞུང་འགྲེལ་རྣམས་ཐོས་པ་ལ། ཐོག་མར་ཌོམྦྷི་པས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད། ༡ རྫོགས་