[A:༤ན]རིམ་ལྷན་ཅིག་སྐྱེས་གྲུབ། ༢ ཚོགས་འཁོར་འདུ་བ་བསྒྲགས་པ་དང་བཅས་པ་རྣམས་འབྲོག་འགྱུར། ༣ དེ་ཉིད་བཅུ་པ་མར་མེ་མཛད་དང་དགེ་བློའི་འགྱུར། ༤ ཕྱག་གཉིས་མའི་སྒྲུབ་ཐབས་ཨ་ལ་ལ་བཛྲས་མཛད་པ། ༥ དྲན་པ་གཅིག་པ་གརྡྷ་རི་པས་མཛད་པ། ༦ དཔའ་བོ་གཅིག་པའི་སྒྲུབ་ཐབས་བསོད་སྙོམ་པས་མཛད་པ། ༧ དཀྱིལ་ཆོག་བཟང་པོ་ཡོངས་བཟུང་། ༨ རིགས་བསྡུས་ཀྱི་སྒྲུབ་ཐབས། ༩ སྒྲུབ་ཐབས་ཡན་ལག་དྲུག་པ། ༡༠ བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། ༡༡ སྒྲུབ་ཐབས་དེ་གསུམ་ལ་དགོས་པའི་གཏོར་མའི་ཆོ་ག ༡༢ འགྲེལ་པ་ཀུ་མུ་ཏི་རྣམས་མི་ཐུབ་ཟླ་བས་མཛད་པ་འབྲོག་འགྱུར། ༡༣ དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་འབར་བ་དཔའ་བོ་རྡོ་རྗེས་མཛད་པ་འབྲོག་མིའི་འགྱུར། ༡༤ སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་དཀྱིལ་ཆོག་ནས་གླིང་མ། ༡༥ སྒྲུབ་ཐབས་མཚོ་སྐྱེས། ༡༦ མར་མེའི་རྩེ་མོ་ལྟ་བུའི་རྫོགས་རིམས། ༡༧ ཚོགས་འཁོར་དམ་ཚིག་ལྔ་པ། ༡༨ བསྟོད་པ་ཉི་ཤུ་པ་རྣམས་འབྲོག་མིའི་འགྱུར། ༡༩ འགྲེལ་པ་པདྨ་ཅན་ཁུ་དངོས་གྲུབ་ཀྱི་འགྱུར་རྣམས་ཐོས། ༢༠ ཡང་སྐབས་ཀྱི་འགྲེལ་ཆུང་བརྒྱད་དུ་གྲགས་པ་ལ། ནག་པོ་པས་མཛད་པའི་གླེང་གཞིའི་འགྲེལ་པ། ༢༡ སྒྲོལ་མ་ཅན་གྱིས་མཛད་པའི་ཀླུའི་འགྲེལ་པ། ༢༢ པདྨའི་ཞལ་སྔ་ནས་མཛད་པའི་གླུའི་ཁོ་ན་ཉིད་གསལ་བ། ༢༣ མངོན་པར་རྟོགས་པའི་རིམ་པ། ༢༤ ཀྱཻ་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་རིམ་པ། ༢༥ དུར་ཁྲོད་ཀྱི་འགྲེལ་པ་ཆེ་ཆུང་གཉིས། ༢༦།༢༧ བརྡའི་འགྲེལ་པ་རྣམ་པར་ངེས་པ་རྣམས་དང་། ༢༨ སློབ་དཔོན་