R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥ན
[A:༥ན]གསུམ་གྱི་འགྲེལ་པ། བསྲུང་བཟློག་བསད་གསུམ་གྱི་མན་ངག སྦྱིན་སྲེག་འདོད་པའི་དོན་འགྲུབ། དྲུག་ཅུ་པའི་གཏོར་ཆོག་རྣམས་དང་། ཞི་བའི་ལས་བདུན་གྱི་བརྗེད་བྱང་རྗེ་རྡོ་རྗེ་འཆང་གིས་མཛད་པ། ཆོས་ཀྱི་རྗེ་ལུ་ཕུ་བ་ཆོས་ཀྱི་རིན་ཆེན་གྱིས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་རྣམ་བཤད་ཆེན་མོ་རྣམས་ཀྱི་ལུང་ཐོབ། ༈ །དཔལ་མགོན་ཞལ་བཞི་པའི་མན་ངག་ཟབ་མོ་བྲམ་ཟེ་མངགས་གཏད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་ཀིརྟི། རི་སུལ་གྱི་རྣལ་འབྱོར་མ། བླ་མ་གཉན་ལོ་ཙཱ་བ་ཆེན་པོ། བླ་མ་གནམ་ཁ་འུབ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་སྟོན། བྲག་ཕུག་པ། བླ་མ་དམ་པ། གཟུངས་དཔལ། དགེ་བཟང་པ། རྡོ་རིང་ཀུན་རྒྱལ། མཁན་ཆེན་བྱམས་བཟང་། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གཉོས་མགོན་ཏྲཀ་ཤད་ནག་པོ་གཙོ་འཁོར་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། རྣལ་འབྱོར་མ་རོ་སན་ལྡེ་པ། རྣལ་འབྱོར་མ་བདེ་སྟེར་མ། བ་ལིཾ་ཏ་ཨ་ཙརྻ། གཉོས་ལོ་ཙཱ་བ། རྡོ་རྗེ་བླ་མ། དཔལ་བྱུང་། དཔལ་ཡེ། ཡབ་གྲགས་པ་དཔལ། སངས་རྒྱས་རས་ཆེན། བླ་མ་རིན་ཆེན་དཔལ་རྒྱལ། བླ་མ་ཁྱད་པར་བ། བླ་མ་བསོད་ནམས་རྒྱལ་པོ། གྲུབ་ཆེན་བློ་གྲོས་སྙན་