R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥བ
[A:༥བ]པ། བླ་མ་ཡོན་ཏན་རྒྱལ་མཚན། བྱང་སེམས་བསོད་ནམས་རིན་ཆེན། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲྭ་པ་མངོན་ཤེས་ནས་བརྒྱུད་པའི་ཛམྦྷ་ལ་དམར་པོའི་ལས་ཚོགས་ཀྱི་ཡི་གེ་རྙིང་མ་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས་ཅན། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙཎྜ། སློབ་དཔོན་ཚུལ་རྒྱལ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་། དབུས་པ་གྲུབ་བརྩོན། ཀ་བཅུ་པ་འཕྲིན་ལས་བཟང་པོ། བློ་གྲོས་བཟང་པོ། རིན་པོ་ཆེ་སེང་གེ་དཔལ། ཆོས་རྗེ་བྲག་ཐོག་པ། རྗེ་ཀུན་དགའ་རྣམ་རྒྱལ། རྗེ་མུས་པ་རྣམ་རྒྱལ་དཔལ་བཟང་། ཀུན་བཟང་ཉི་ཟླའི་མཚན་ཅན། དེས་ནམ་མཁའ་དཔལ་འབྱོར་བསམ་འགྲུབ། ངག་དབང་ཉི་ཟླ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཞིང་སྐྱོང་དུར་ཁྲོད་བདག་པོའི་ཆོས་སྐོར་ཐོབ་པ་ལ། དེའི་བརྒྱུད་གསང་བ་སྙིང་གི་འཁོར་ལོ་ལེའུ་བརྒྱད་པ། བླ་མ་བཻ་རོ་ཙ་ན་ལས་བརྒྱུད་པ། འཇིམ་པ་ལོ་ཙཱ་བས་བསྒྱུར་བ། དེའི་སྒྲུབ་ཐབས་ལས་ཕྱུང་བ་བཻ་རོས་མཛད་པ། འཇིམ་ལོས་བསྒྱུར་བ། དེའི་རྗེས་གནང་གི་ཡི་གེ བསྙེན་སྒྲུབ་ལས་གསུམ་གྱི་མན་ངག འཇིམ་ལོའི་ཞལ་གདམས་སོགས་མན་ངག་ཚན་པ་དུ་མ་ཡོད་པའི་ཡི་གེ་རྙིང་མའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་