[A:༨ན]གི་སྒྲུབ་ཐབས། རྡོ་རྗེ་ཕུར་པའི་ལས་ཁ་ཚར་བ། རྡོ་རྗེ་ཕུར་པའི་དགྲ་བགེགས་འདུལ་བའི་ལས་ཕྲན། དམ་ཅན་སྤྱི་སྒྲུབ་ཟབ་མོ། མགར་གྱི་དཔེ། ཞལ་གདམས། ཞལ་གདམས་གུད་དུ་གསུངས་པ། རྡོ་རྗེ་ཕུར་པའི་གདོན་འདུལ། རྡོ་རྗེ་ཕུར་པའི་རྩ་བ་སྤུ་གྲི་རེག་ཆོད་པ། འབྱུང་བ་རང་ཤར་གྱི་རྒྱུད་ལུང་བསྒྲུབ་པའི་ཐེམ་ཡིག རྡོ་རྗེ་ཕུར་པའི་ཆད་རྐྱེན་ཚེ་ལུང་ཁྲུས་ལུང་གི་དགོངས་པ་བསྟན་པ། ཐུགས་ཀྱི་ཕུར་གཅིག་མ་ཕུར་པའི་སྙིང་ཏིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས། རྡོ་རྗེ་ཕུར་པའི་རྒྱུན་གཏོར། ཕུར་པ་དབང་དང་གཟི་བརྗིད་བསྐྱེད་པ། ཕུར་པ་སྲོག་གི་སྤུ་གྲི། ཕུར་པའི་བསྟོད་པ་ཁྲག་འཐུང་མ་སོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། གསང་བའི་བདག་པོ། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། པྲ་བྷ་ཧ་ཏི། པདྨ་སཾ་བྷ་ཝ། མཁའ་འགྲོ་མཚོ་རྒྱལ། ཆོས་དབང་རིན་པོ་ཆེ། དེའི་སྲས་པདྨ་དབང་ཆེན། ཆོས་ཀྱི་རྒྱལ་མཚན། པྲ་ཛྙཱ་དྷྭ་ཛ། ཕག་སྟོན་ཤཱཀྱ་མགོན་པོ། སྤྲུག་སྟོན་དཔལ་ལྡན་མགོན་པོ། མཁས་གྲུབ་ཆོས་རྒྱལ་མཚན། ཆོས་རྒྱལ་བསོད་ནམས། དེའི་སྲས་བསོད་ནམས་བཀྲ་ཤིས། རིན་པོ་ཆེ་གཞོན་ནུ་སྟོབས་ལྡན་པ། བོ་དོང་ཚེ་རིང་དབང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་སྔགས་འཆང་ཚེ་རིང་དབང་པོ། སྲིད་གསུམ་བླ་མ་མཧཱ་མཎྜ་དྷ་ར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བརྒྱུད་པ་དེ་ལས་འོངས་པའི་གཤིན་རྗེ་ཚེ་བདག་གི་ལས་