R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧བ
[A:༧བ]བླ་མེད་ཀྱི་སྐོར་རྣམས་བྱུང་ཚུལ་ནི། འདིར་སྨྲས་པ། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་ཀྱིས། །ཡང་གསང་སྤུ་གྲིའི་ཆོས་སྐོར་ཟབ་མོ་འདི། །ལྷོ་ཕྱོགས་གནམ་སྐས་བྲག་ལ་གཏེར་དུ་སྦས། །དུས་ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས། །གཏེར་ནས་སྤྱན་དྲངས་འཕྲིན་ལས་དར་རྒྱས་སྤེལ། །དེ་ནས་རིམ་བཞིན་བརྒྱུད་དེ་རིགས་སྔགས་འཆང་། །ཚེ་ཡི་རིག་འཛིན་དབང་པོ་ངག་དབང་ལྷས། །རྗེས་བཟུང་རིག་པ་འཛིན་པ་ཀུན་ཏུ་བཟང་། །སྔ་འགྱུར་ཆོས་ཀྱི་ཉི་མ་སྙན་གྲགས་ཀྱི། །རྒྱལ་མཚན་འཛིན་པའི་དཔལ་འབྱོར་བཟང་པོ་ཅན། །གང་དེའི་བར་དུ་ལེགས་པར་བྱོན་པ་ཡི། །ཞེས་པ་ལྟར་ལས། དེ་ལྟ་བུའི་རྡོ་རྗེ་ཕུར་བ་ཡང་གསང་སྤུ་གྲིའི་གཏེར་ཆོས་རྣམས་ཐོབ་པའི་རྣམ་གྲངས་ལ། བི་ཏོ་ཏ་མ་ལ་འབུམ་སྡེའི་རྒྱུད་ལས་བསྐལ་པ་དུམ་བུའི་རྒྱུད་རྩ་བ་རྡོ་རྗེ་ཁྲོས་པ་ཕུར་པའི་ཁོག་དབུབ། རྡོ་རྗེ་ཕུར་པ་ཡང་གསང་གི་ཐུན་མོང་ཚོམ་བུའི་སྒྲུབ་པ། རྡོ་རྗེ་ཕུར་པའི་དབང་བསྐུར་ཡང་གསང་མན་ངག རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་ཡང་སྙིང་གསང་སྒྲུབ་ཀྱི་ལས་བྱང་། ཨུ་རྒྱན་གྱི་སྙིང་གཏམ་ཡང་གསང་ཕུར་བའི་སྤྱི་སྡོམ་མཐའ་རྒྱས་མའམ་གབ་པ་ཞུས་ལན། རྡོ་རྗེ་ཕུར་པའི་ལྷ་ཁྲིད་དཀར་པོ་ལམ་གྱི་སྒྲོན་མ་ཆོས་ཉིད་གསལ་བའི་ཉི་མ། འཁོར་སླ་ཐེགས་སུ་ལམ་དུ་ཁྱེར་བའི་ཁྲིད་ཡིག ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་མངོན་རྟོགས་རྒྱས་པ། ཕུར་པ་གློ་བུར་བཅོག་བརྡུངས་རལ་གྲི་ཕྱུང་བརྡེག་ཏུ་བསྒྲུབ་པ། རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བ་ལས་དམ་ཅན་བཅུ་གཉིས་མིང་པོ་དང་བཅས་པའི་བསྐུལ། རྡོ་རྗེ་ཕུར་པའི་ཕོ་ཉ་དང་གདབ་ལས། རྡོ་རྗེ་ཕུར་པའི་སྲུང་མ་དམ་ཅན་སྡེ་དྲུག་