[A:༡བ]རྒྱ་གར་སྐད་དུ། སྭཱ་མཱི་ཨནནྡ་ནཱ་མི་ཀ་པཱ་ད་ཡ་ན་མ། སྭ་སྟི་ཤྲཱི་རསྟུ་ཀ་ལྱཱ་ཎ་མི་ཏྲཾ་པྲ་ཎ་བ། བོད་སྐད་དུ། ཆོས་ཀྱི་རྗེ་ཀུན་དགའི་མཚན་ཅན་ཞབས་ལ་འདུད་དོ། །དཔལ་དགེ་ལེགས་སུ་གྱུར་ཅིག དགེ་བའི་བཤེས་གཉེན་ལ་རབ་ཏུ་བསྔགས་སོ། །ཀུན་ནས་དགའ་བའི་མཁྱེན་པའི་དཀྱིལ་འཁོར་རྒྱས། །དཔལ་ལྡན་འཆད་རྩོད་རྩོམ་པའི་བསིལ་ཟེར་གྱིས། །སྐལ་བཟང་ཐར་པའི་དཔལ་འབྱོར་ལ་འགོད་པའི། །བཤེས་གཉེན་མཚན་མོའི་མགོན་དེ་སྤྱི་བོས་མཆོད། །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ་མཁྱེན་རབ་ཀྱི་དབང་ཕྱུག་འབུམ་ཆེན་ཀུན་དགའ་དཔལ་འབྱོར་བའི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་དྲིན་མནོས་པ་ལ། ཐོག་མར། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་དྲུང་དུ། རས་ཆེན་དཔལ་འབྱོར་བཟང་པོས་དངོས་སུ་གསན་པའི་ཚེ་དཔག་མེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་