R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢ན
[A:༢ན]བ་མདའ་འཕེན་མར་གྲགས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། རྗེ་རས་ཆེན་དཔལ་འབྱོར་བཟང་པོ། རྔོག་སྟོན་བྱང་ཆུབ་དཔལ་གྲུབ། རྗེ་བཙུན་ཤི་ལ་རསྨི། མཁས་གྲུབ་རྣམ་རྒྱལ་མགོན་པོ། འཇམ་དབྱངས་དབང་གི་རྒྱལ་པོ། མཁས་གྲུབ་ཤཱཀྱ་ཀུན་དགའ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཀུ་རུ་ཀུལླེ་ཐུན་མོང་མ་ཡིན་པ་གསང་སྒྲུབ་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་འཇིགས་མེད་གྲགས་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། བསྐལ་བ་བཟང་པོ། ཌོམྦྷི་བ། ཙ་དྱ་བ། ཏེ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ་ཆེན་པོ། རྡོ་རྗེ་གདན་པ་ཆུང་བ།