R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢བ
[A:༢བ] རྗེ་བཙུན་བ་རི་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཀུན་དགའ་བསོད་ནམས། མཉམ་མེད་ཆེན་པོ་གྲགས་པ་རྒྱལ་མཚན། རྡོ་རྗེ་འཆང་དབང་གཟུངས་ཀྱི་དཔལ་བཟང་པོ། རྣལ་འབྱོར་དབང་ཕྱུག་དགེ་ལེགས་བཟང་པོ། ཨཱ་ནནྡ་མ་ཏི་བཟང་པོ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། མཁས་གྲུབ་ཤེས་རིན། རྗེ་རྡོ་རིང་པ་ཀུན་དགའ་རྒྱལ་མཚན། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་བྱིན་རླབས་དང་བཅས་པ་ཡི་གེ་རྙིང་མའི་ལུང་ཡང་ཐོས་སོ། །ཚོགས་བདག་དམར་ཆེན་གྱི་རྗེས་གནང་འཕགས་པ་རིན་པོ་ཆེའི་མངོན་རྟོགས་ཚིགས་བཅད་མའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ས་ར་ཧ་