R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣བ
[A:༣བ]ས་པཎ། ཁང་བསོད་ནམས་འབུམ། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲའོ། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྭ་རྩེ་སེམས་འཛིན། མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེངས་རྣམས་ཀྱི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། གྲུབ་ཆེན་ཨ་མོ་གྷ་བཛྲ། དོན་ཡོད་རྡོ་རྗེ། སྐྱོ་སྟོན་འོད་འབྱུང་། སྐྱོ་སྟོན་སྐུ་མཆེད། ཇོ་སྲས་ཁམས་པ། གཉན་སྟོན་རིན་ཆེན་བརྟན་པ། དེ་སྲས་འོད་སྲུང་། གཉན་སྟོན་ཆོས་རྒྱལ། འཛིན་པ་རིན་ཤེ འཇམ་དབྱངས་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བླ་མ་ཆ་རྒྱན་དབང་རྒྱལ། ཀློག་ཀྱ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་གང་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །བརྒྱུད་པའི་གསོལ་འདེབས་རྗེ་ཨཱ་ནནྡས་མཛད་པ། ཁྲིད་ཀྱི་ཡི་གེ་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པ་ཐོས་སོ། ༈ །ཡང་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བཞིའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ། ཨ་མོ་གྷ། ཡེ་ཤེས་འབྱུང་གནས། པདྨ་བཛྲ། དི་པཾ་ཀ་ར། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་གེ རྭ་