R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤ན
[A:༤ན]ཤེས་རབ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རྡོར་བ། ཉང་སྟོད་ཨརྻ། གྲུབ་ཆེན་ཀུན་དགའ་བློ་གྲོས། རྗེ་དགེ་བ་རྒྱལ་མཚན། ཆོས་རྗེ་རིན་རྣམ། རྗེ་བཙུན་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཀུན་དགའ་མཆོག་ལྡན། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཁྲིད་ཡིག་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པ་ཐོས་སོ། ༈ །རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་ཟབ་མོ་ཡང་གསང་མཐུ་བཟློག་ནག་པོར་གྲགས་པ་ཞལ་ཤེས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པའི་དཔལ། པདྨ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། བླ་མ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། རོང་པ་སྒ་ལོ། བླ་མ་ཤེས་རབ་སེང་གེ མཉམ་མེད་གྲགས་པ་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་དཔལ་བཟང་། སྔགས་འཆང་ཨ་ནནྡ་མ་ཏི་བཟང་པོ། རྡོ་རྗེ་འཆང་བྱམས་པ་ཆོས་རིན་ཆེན། རྗེ་དབོན་བརྩོན་འགྲུས་རྒྱ་མཚོ། བླ་མ་བློ་གྲོས་དཔལ་ལྡན། འདྲེན་མཆོག་སངས་རྒྱས་མགོན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། སྦས་པའི་རྣལ་འབྱོར་ནམ་མཁའ་རྒྱ་མཚོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྦས་པའི་རྣལ་འབྱོར་ནམ་