R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦བ
[A:༦བ]རིགས་ལས་བྱུང་བ་ལ་ཕག་མོར་བཞག་པ་ཡིན་ནོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། ས་སྐྱ་པའི་ཁྱད་པར་གྱི་གདམས་པ་དམར་པོ་སྐོར་གསུམ་དུ་གྲགས་པའི་ཆོས་སྐོར་ཐོབ་པ་ལ། ཐོག་མར་རྗེ་བཙུན་མ་ཀུ་རུ་ཀུལླེ་ཐུན་མོང་བའི་རྗེས་གནང་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་རིག་བྱེད་མ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཨ་མོ་གྷ་བཛྲ། ལོ་ཆེན་རིན་ཆེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་ས་པཎ། འཕགས་པ་རིན་པོ་ཆེ། འུ་ཡུག་པ་ཀུན་བསོད། ཉི་ཐོག་པ་ཀུན་སྨོན། བླ་མ་ཡོན་ཏན་དཔལ། བུ་ལུང་པ་ཀུན་རྡོར། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ་ཆེན་པོ། རི་ཁྲོད་པ་བློ་བརྟན། རྗེ་དཔལ་ལྡན་ཚུལ་ཁྲིམས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བདག་ཆེན་ཀུན་དགའ་དབང་ཕྱུག བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། རྡོ་རྗེ་འཆང་སྒོ་རུམ་པ། དེ་གཉིས་ལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། བདག་མེད་མ། བི་རུ་པ། ནག་པོ་པ། ཌཱ་མ་རུ་པ། གཉིས་སྤངས་ཞབས། ག་ཡ་དྷ་ར། བླ་ཆེན་འབྲོག སེ་སྟོན། ཞང་སྟོན། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། གློ་བོ་ཤེས་རབ་རིན་ཆེན། འཕགས་པ་རིན་པོ་ཆེ། རྒྱལ་ཚབ་ཆོས་ཀྱི་དབང་ཕྱུག མཁས་པ་