[A:༧ན]ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་མན་འདྲ། ༈ །ཡང་ཀུ་རུ་ཀུལླེ་ཐུན་མོང་མ་ཡིན་པ་གསང་སྒྲུབ་ལྷ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་སོ་འཇིགས་མེད་གྲགས་པ་སོགས་ཀྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཌ་ཀི་ནི་སུ་བྷ་གི ཌོམྦྷི་ཧེ་རུ་ཀ ཙ་ན་ཝ། ཏི་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཀུན་བསོད། བླ་མ་མཉམ་མེད་ཆེན་པོ། གཟུངས་ཀྱི་དཔལ་བ། ཡར་ཀླུང་པ་ཁུ་དབོན། ཕ་བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། བླ་མ་བློ་གྲོས་རྣམ་རྒྱལ། ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག མཁས་པ་གཞོན་ནུ་སྟོབས་ལྡན། ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ཀུ་རུ་ཀུལླེའི་རྗེས་གནང་ཐུན་མོང་མ་ཡིན་པ་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་ཡི་གེའི་གསལ་བྱེད་དབང་བཞིའི་དམིགས་པ་སྦྱར་བ་དང་། དེ་གཉིས་ཀའི་གསལ་བྱེད་རྗེ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི་གོང་དང་འདྲའོ། ༈ །ཡང་དཔལ་ཚོགས་ཀྱི་བདག་པོའི་ཐུན་མོང་བའི་རྗེས་གནང་རྗེ་རྡོ་རྗེ་