[A:༧བ]འཆང་གི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་ཝ་རི། བལ་པོ་ཧཱུྃ་ཀ་ར། མལ་ལོ་བློ་གྲོས་གྲགས། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། རྗེ་སྐྱོབས་པ་དཔལ། རོང་པ་ཤེས་རབ་སེངྒེ་། བག་སྟོན་གཞོན་ཚུལ། བླ་མ་བརྩོན་འགྲུས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཉི་ལྡེ་པ་ངག་དབང་གྲགས་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་བཙུན་སྒོ་རུམ་པ། དེ་གཉིས་ཆར་ལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཁམས་གསུམ་དབང་བསྡུད་ཚོགས་ཀྱི་བདག་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི་པ། ཧང་ངུ་ཀ་ར། མལ་ལོ་ཙ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། ཡང་ན། བི་རུ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། བླ་ཆེན་ས་སྐྱ་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཁམས་སྒོམ་བྱང་ཆུབ་དཔལ། དགའ་ལྡན་པ་ཀུན་བསོད་ལ་བླ་ཆེན་ཀུན་