[A:༨ན]བློ་དང་། བྲག་ཕུག་པས་གསན། དེ་གཉིས་ལ་ཆོས་རྗེ་བླ་མས་གསན། དེ་ལ་ཡར་ཀླུང་པ། ཡང་ན་རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག མཁས་པ་གཞོན་ནུ་སྟོབས་ལྡན། ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ནོར་ལྷའི་གཙོ་བོ་དབང་བསྡུད་འདོད་པའི་རྒྱལ་པོའི་ཐུན་མོང་བ་འདོད་པ་ལྷའི་རྗེས་གནང་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྒྲའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། ཡུམ་བདེ་བ་རྒྱས་བྱེད་མ། གྲུབ་ཆེན་ཛེ་ཏཱ་རི། ལ་ལི་ཏ་བཛྲ། ཏ་ཐཱ་ག་ཏ་རཀྵི་ཏ། རྡོ་རྗེ་གདན་པ། ཐ་བི་ར། བ་རི་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། སེང་གེ་བཟང་པོ། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་རྡོ་རིང་པ། རྗེ་སྒོ་རུམ་པ། དེ་གཉིས་ལ་ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཇོ་བོ་རྗེ་ནས་བརྒྱུད་པ་ཚོགས་བདག་དཀར་པོ་གཙོ་འཁོར་བཞི་པའི་རྗེས་