R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨བ
[A:༨བ]གནང་ཐོབ་པའི་བརྒྱུད་པ་ནི། ཨིནྡྲ་བྷུ་ཏི། རྒྱལ་པོ་གྲགས་པ། བྱང་ཆུབ་འབྱུང་གནས། རིན་པོ་ཆེ་འོད་ཟེར། ཡང་དག་སྦྱིན་པ། རིན་ཆེན་འབྱུང་གནས་ཞི་བ། ཇོ་བོ་རྗེ། རྒྱ་བརྩོན་སེང་། གྲུབ་ཐོབ་ཤོལ་པོ་བ། སངས་རྒྱས་དབོན་སྟོན་པ། སངས་རྒྱས་སྟོན་ཚུལ། ཁྱུང་ཚངས་པ་ཚུལ་ཁྲིམས་རྒྱལ་མཚན། སློབ་དཔོན་གྲགས་ཚུལ། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། དབུ་མ་གྲུབ་པ་བརྩོན་འགྲུས། བླ་མ་ཀ་བཅུ་པ། གུང་པ་བཀྲ་ཤིས་བཟང་པོ། གཉག་ཕུག་པ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དེ་ལྟར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་བཀའ་བབས་པའི་དམར་པོ་སྐོར་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་རྣམས་སྔོན་དུ་སོང་ནས། ནོར་ལྷ་སོ་སོའི་མན་ངག་གི་ཆོས་སྐོར་ཡོངས་རྫོགས་ཐོབ་པ་ལས། ཐོག་མར་རྗེ་བཙུན་མ་ཀུ་རུ་ཀུལླེའི་ཆོས་སྐོར་ལ། བརྒྱུད་པའི་ལོ་རྒྱུས་རྗེས་གནང་དང་བཅས་པ་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ། ཡང་ལོ་རྒྱུས་ཀྱི་ཡི་གེ་ལུགས་གཅིག ཐུན་མོང་མ་ཡིན་པའི་བྱིན་རླབས་དབང་བཞིའི་ཟུར་འདེབས་གཟུངས་ཀྱི་དཔལ་བའི་གསུང་ལས་བུདྡྷ་ཤྲཱིས་ཟིན་བྲིས་སུ་བཀོད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་ལས་སྦྱོར་སྔགས་བཏུ་རྩ་རྒྱུད་བརྟག་གཉིས་ལས་ཕྱུང་