R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༤བ
[A:༡༤བ]དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། རྗེ་བཙུན་སྒོ་རུམ་པ། དེ་གཉིས་ལ་མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་བརྒྱུད་པ་རྫོང་ལུགས་ནི། འཕགས་པ་རིན་པོ་ཆེ་ནས། ཞང་པ། ན་བཟའ་པ། བླ་མ་དམ་པ། གཟུངས་པ། དགེ་བཟང་བ། བླ་མ་རིན་ཆེན། ཟུར་ཤཱཀྱ་དཔལ་བ། རྗེ་མུས་སྲད་པ། སྒྱི་ཆུ་བ་ཤེས་རབ་རིན་ཆེན། ཚར་ཆེན་མན་འདྲ། ཡང་ན་བྲག་ཕུག་པ་ནས། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་རྒྱལ། རྫོང་པ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང་། མུས་སྲད་པ་མན་འདྲ། ༈ །འཁོར་རྐྱང་གི་རྗེས་གནང་པུ་ཏྲའི་ཟུར་བཀར་གྲགས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། པཎྜི་ཏ་དྷརྨཱ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་