[A:༡༥ན]མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིང་པ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་མན་གོང་དང་འདྲ། ༈ །ཡང་གཉན་མགོན་ཆེན་པོ་གདོང་བཞི་པའི་ཆོས་སྐོར་ཐོབ་པ་ལ། ཐོག་མར་བསྙེན་དུས་ཀྱི་མགོན་པོར་གྲགས་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བ་ལིཾ་ཏ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རཏྣ་ཀིརྟི། རཏྣ་བཛྲ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་དར་མ་གྲགས། གནམ་ཁ་འུབ་པ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་སེང་གེ་རྒྱལ་མཚན། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་