[A:༡༥བ]སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བསྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཁ་ཆེ་རིན་ཆེན་རྡོ་རྗེ་ཡན་སྔར་བཞིན། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ། ཁ་འུབ་པ་མན་སྔར་བཞིན། ཡང་ན་བླ་མ་དམ་པ་ནས། བཞི་ཐོག་པ་ཀུན་རིན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བྲམ་ཟེ་སྔགས་གཏད་ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་ཡན་སྔར་ལྟར། དེ་ནས་བཞི་ཐོག་པ་ཀུན་རིན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན་མན་གོང་བཞིན་ནོ། ༈ །དཔལ་མགོན་གསང་སྒྲུབ་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ཡན་ཁྲིད་ཀྱི་བརྒྱུད་པ་བཞིན། དེ་ནས་རྗེ་བོན་དཀར་བ། སྤྱན་སྔ་ཆོས་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་མགོན་གདོང་བཞི་པའི་མན་ངག་གི་ཆོས་སྐོར་ཡོངས་རྫོགས་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ནི། རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཀར་ཆག་གི་ཡི་གེ་ལས་འདི་ལྟར་འབྱུང་སྟེ། དེ་ལ་སྤྱིར་ཁ་བ་ཅན་གྱི་ལྗོངས་འདིར་གསང་སྔགས་རྙིང་མ་བ་དང་། གསར་མ་བ་དང་། ཆེས་གསར་མ་བ་དག་ལས་བརྒྱུད་པའི་ཞིང་སྐྱོང་ནག་པོ་ཆེན་པོ་གདོང་བཞི་པའི་མན་ངག་གི་རིགས་མང་པོ་དག་སྣང་བ་ལས། གཙོ་