R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༧ན
[A:༡༧ན]མཚན་གྱིས་མཛད་པ། དེ་ཉིད་ལས་བརྒྱུད་པའི་གྲི་སྙིང་བླ་རྡོ་སྲོག་འཁོར་ཕྱག་མཚན་རྣམས་ཀྱི་རྗེས་གནང་གི་ཡི་གེ གསུམ་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེའི་སྐོར་ལ། རྩ་བར་གྱུར་པ་རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་སྒྲུབ་ཐབས་མཆན་བཤད་དུ་གྲགས་པའི་ཡི་གེ གཞུང་དེ་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་མན་ངག གཉན་ལོའི་ཨུ་པ་དེ་ཤ་ཞེས་བྱ་བ་དང་། བསྙེན་སྒྲུབ་ལས་གསུམ་གྱི་གནད་ཀྱི་ཡི་གེ་གཉན་གྱིས་མཛད་པ། སྒྲུབ་དུས་ཀྱི་ལས་ཁྲིགས་བླ་མ་ཁ་འུབ་པ་ཆེན་པོས་མཛད་པ། ཙ་ཏུརྨུ་ཁའི་ཨུ་པ་དེ་ཤ་ཞེས་བྱ་བ་རྗེ་ས་སྐྱ་པ་ཆེན་པོས་མཛད་པ། གོང་གི་ཁ་འུབ་པས་མཛད་པའི་ལས་ཁྲིགས་ཀྱི་གསལ་བྱེད་ཆོས་རྗེ་གཟུངས་ཀྱི་དཔལ་བས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཐབས་ནག་པོ་འགྲོ་ཤེས་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ། རྣམ་གསུམ་ལག་ལེན་གསལ་བྱེད་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་རྒྱུན་བསོད་ནམས་གྲགས་པས་ཟིན་བྲིས་སུ་བཀོད་པ། བསྙེན་པའི་གོ་རིམ་གྱི་ཡི་གེ་བཟླས་པ་དང་གེགས་སེལ་གྱི་མན་ངག་གསེར་ཆོས་བསྙེན་སྒྲུབ་ལས་གསུམ་སྤོག་ཆོག་ཤི་ས་བསྟན་པ་དང་བཅས་པའི་མངོན་རྟོགས་གསལ་བྱེད་གནད་ཀྱི་ཞལ་གདམས་མཐར་ཐུག གཏོར་མའི་ཞལ་གདམས་སྙན་བརྒྱུད། ལས་རབ་འབྱམས་དང་བསད་བསྐྲད་ཀྱི་འཁོར་ལོའི་ཞལ་གདམས་སྙིང་ནང་གི་ག་ལྟ་བུ། བྱེ་བྲག་ཏུ་བསད་ལས་ཀྱི་འཁོར་ལོ་མན་ངག་མཁའ་འགྲོའི་ཁ་རླངས་ཅན་དུ་གྲགས་པ། འཁྲུལ་འཁོར་ལྟབ་ཅིང་སྦ་བ་སོགས་མནན་པའི་མན་ངག་སྙན་བརྒྱུད་སྦས་དོན་གསལ་བ་རྣམས་ཡར་ཀླུང་པ་མཁས་གྲུབ་སེང་གེ་