R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༧བ
[A:༡༧བ]རྒྱལ་མཚན་དཔལ་བཟང་པོས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་སྒྲུབ་ཐབས་རྟ་བདུན་རྒྱལ་པོ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། དེ་སྐོར་གྱི་ཡིག་ཆུང་བཞི་རྣམས་ཡོད། བཞི་པ་ལྷན་ཐབས་ཀྱི་སྐོར་ལ། སྤྱིའི་ལྷན་ཐབས་དང་། བྱེ་བྲག་གི་ལྷན་ཐབས། ལས་ཕྲན་བུའི་མན་ངག་གོ །དང་པོ་ལ་ཞལ་གདམས་དོན་ལྔ་མ་ཤཱཀྱའི་དགེ་སློང་གཉན་གྱི་ཨུ་པ་དེ་ཤ་ཞེས་བྱ་བ། ཟབ་པའི་གནད་དྲུག་གི་ཡི་གེ་མཆན་བུ་དང་བཅས་པ་རི་སུལ་གྱི་རྣལ་འབྱོར་མའི་གསུང་། དེའི་གསལ་བྱེད་བླ་མ་གཉན་གྱིས་ཉེ་གནས་དར་མ་སེང་གེ་ལ་གནང་བ། མགོན་པོ་ཕ་ལྟར་བསྐུལ་ཞིང་ལྷ་མོ་སྲིང་ལྟར་གདུང་བའི་མན་ངག་གི་ཡི་གེ འདིའི་ཁྱད་པར་གྱི་དམ་ཚིག་གི་ཡི་གེ འཁོན་ནག་ཟས་སུ་བཟའ་བའི་གདམས་པ་སློབ་དཔོན་པདྨས་མཛད་པ། ཉམས་ཆག་བསྐང་བའི་ཡི་གེ་རྒྱས་བསྡུས་གཉིས་གཉན་གྱིས་མཛད་པ། དམ་ཚིག་གསོ་བའི་པདྨ་ཁ་སྦྱོར་གྱི་ཡི་གེ་རྒྱས་བསྡུས་ཁ་འུབ་པས་མཛད་པ། གཉིས་པ་ལ། སྔོན་འགྲོ་རྟེན་གྱི་སྐབས་སུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་རྟེན་བཅའ་བའི་ཡི་གེ་བླ་མ་གཉན་གྱིས་མཛད་པ། ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་རྒྱས་བསྡུས་གཉིས་གཉན་ལོའི་གསུང་། གསང་རྟེན་གྱི་སྐབས་སུ་གཏུམ་པོ་རང་བསྲུང་འཁོར་ལོའི་བྲི་ཚུལ། དེའི་ཐུན་མོང་མ་ཡིན་པའི་མན་ངག དེའི་བྲི་ཡིག དེའི་སྔགས་བྱང་། རྟེན་གྱི་འཁོར་ལོའི་བྲི་ཚུལ་རྒྱས་པ། འཁོར་ལོའི་རབ་གནས། རྒྱལ་ཚ་ལུང་མང་པོས་མཛད་པའི་རྟེན་གྱི་ཡི་གེ རང་བསྲུང་ཆེ་བ་ལིང་ཚེ་ཉི་ཤུ་པའི་བྲི་ཡིག་འཕགས་པ་རིན་པོ་ཆེས་ཞང་སྟོན་ཆོས་རྗེ་ལ་གནང་བ་རྣམས་སོ། །མཆོད་པའི་སྐབས་སུ་མེ་ཏོག་