R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༨ན
[A:༡༨ན]བཞི་སྦྱོར་གྱི་ཡི་གེ དེའི་གསལ་བྱེད་བ་ལིཾ་གི་མེ་ཏོག་རྙིང་པའི་ཨུ་པ་དེ་ཤ མགོན་པོའི་སྤོས་སྦྱོར་གྱི་མན་ངག་རྣམས་ལ་གཉན་གྱིས་མཛད་པའི་ཡིག་ཆུང་རེ་རེ་ཡོད་དོ། །གཏོར་མའི་སྐབས་སུ་གཏོར་མ་བཅའ་ཐབས་དང་། གཏོང་ཐབས་ཀྱི་ཡི་གེ་གཉན་གྱིས་མཛད་པ། བརྟག་གཏོར་གྱི་མན་ངག་ཚིགས་བཅད་མ་རྣམས་ཐོས་སོ། །དངོས་གཞི་བསྙེན་པའི་སྐབས་སུ་སྔགས་བྱང་། སྔགས་ཀྱི་ཐེམ་ཡིག་ཞིབ་མོ། ཐེམ་ཡིག་གསལ་བྱེད་བདག་ཆེན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ། སྔགས་ཀྱི་གནད་ཐེམ་ཡིག་སྤེལ་ཚིག་ཐོར་བུ་བ་འཕགས་པ་རིན་པོ་ཆེས་མཛད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་རྣམས་ཡོད་དོ། །བསྒྲུབ་པའི་སྐབས་སུ་སྒྲུབ་པའི་གནད་རྗེ་བཙུན་གྱི་གསུང་། སྒྲུབ་པའི་རྟགས་ཀྱི་ཡི་གེ གཏོར་ལེན་བྱ་རོག་གི་བརྟག་པ། འཁུ་ལྡོག་མི་འབྱུང་ཞིང་ལས་མྱུར་དུ་བསྒྲུབ་པའི་ཡི་གེ རྩ་བ་དང་གནས་འབེབས་དང་ལས་ཚོགས་ཀྱི་འཁོར་ལོའི་ཞལ་གདམས། འཁོར་ལོ་དང་ལིང་ཚེ་དང་ལིང་གའི་ཞལ་ཤེས། འཁོར་ལོ་བྲི་ཐབས། འཁོར་ལོའི་སྔགས་བྱང་། འཁོར་ལོའི་སྔགས་བཀོད་ཚུལ། ལས་ཚོགས་འགའ་ཟུང་གི་འཁོར་ལོའི་མན་ངག་རྣམས་ཐོས། ལས་སྦྱོར་གྱི་སྐབས་སུ་བསད་སྔགས་རིང་ཐུང་གཉིས། ཁ་སྦྱོར་དབྱེ་བ་བཞིའི་མན་ངག ལས་སྦྱོར་ཡིག་ཆུང་། མངོན་སྤྱོད་བསད་ལས་ཀྱི་ཡིག་ཆུང་། དགོང་ཟོར་གྱི་ཡི་གེ་རྒྱས་བསྡུས་གཉིས། ར་ཟོར་གྱི་ཡི་གེ ལས་མཐར་སྦྱིན་སྲེག་གི་ཡི་གེ་རྒྱས་པ་གོང་མས་མཛད་པ། བསྡུས་པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་