[A:༡༨བ]པ། ཁ་སྦྱོར་དབྱེ་བ་དམོད་བསྐུལ་རྣམས་སོ། །སྤོག་ཆོག་གི་སྐབས་སུ་མ་འཆུན་ན་རང་ཉིད་ཞལ་བཞི་པར་བསྐྱེད་པའི་མན་ངག རྩ་དབུ་མ་ཆོས་འབྱུང་དང་བཅས་པའི་གནད་དབབ་ཡི་གེ ཤི་ས་བསྟན་པའི་མན་ངག་གི་ཡི་གེ གསུམ་པ་ཕྲན་བུའི་སྐོར་ལ། མགོན་པོ་ལ་གཙུག་ལག་ཁང་གཏད་པའི་ཆོ་ག དེའི་གསལ་བྱེད། རང་དང་སློབ་མ་གཏད་པའི་ཡི་གེ རྫས་དང་ཡོ་བྱད་བསྲུང་བའི་ཡི་གེ ནོར་གྱི་རྗེས་སུ་འབྲངས་པའི་མན་ངག སྲེའུ་གསོ་བའི་འཁོར་ལོའི་མན་ངག ཡང་དེའི་མན་ངག་བྲམ་ཟེ་ཁ་སྤུ་ཅན་གྱི་གདམས་པ། ནོར་སྒྲུབ་ཡིད་བཞིན་ནོར་བུའི་མན་ངག དབང་སྡུད་གྲི་ལག་གཡོབ་པ་དར་ཐོགས་ཀྱི་གདམས་པ། བསྒྲུབ་བྱ་དབང་དུ་བྱ་བ། སྤྱོད་ལམ་དབང་དུ་བྱ་བ། ཤྭ་བཟློག་གི་མན་ངག དགྲ་ལ་ལྟས་ངན་གཏོང་བའི་མན་ངག་ཆིག་བརྒྱུད་མ། ཆོ་འཕྲུལ་དབབ་པའི་མན་ངག དགྲ་བོ་ཆམ་ལ་འབེབས་པའི་རྫས་སྦྱོར། བསྐྲད་པའི་ལས་སྦྱོར། དེའི་ཞལ་ཤེས། ངག་མནན་པའི་མན་ངག བཀའ་སྡོད་མ་ཧཱ་བ་ལ་ལ་བརྟེན་ནས་འདྲེ་བཙན་ཐབས་སུ་མནན་པའི་མན་ངག་རྣམས་སོ། །ལྔ་པ་ཉེར་མཁོའི་སྐོར་ལ་གསུམ་སྟེ། གཏོར་ཆོག བསྐང་བ། བསྟོད་བསྐུལ་ལོ། །དང་པོ་ལ་གཉན་ལོས་ཉེ་གནས་དར་མ་སེང་གེ་ལ་གནང་བའི་གདོང་བཞི་པ་མཆོད་པའི་ཆོ་ག་ཞེས་བྱ་བ། དེའི་ཁ་སྐོང་གཉན་གྱིས་མཛད་པ། བླ་མ་ཁ་འུབ་པས་མཛད་པའི་གཏོར་ཆོག རྗེ་ས་ཆེན་གྱིས་མཛད་པའི་གཏོར་ཆོག གཏོར་ཆོག་འཕགས་པ་རིན་པོ་ཆེས་མཛད་པ། དམར་ཆོས་ཀྱི་རྒྱལ་པོས་མཛད་པའི་གཏོར་ཆོག དྲག་པོའི་གཏོར་བཟློག་གི་མན་ངག་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་