[A:༡༩ན]པ། དེའི་ཕྱག་ལེན་རྗེ་བཙུན་ཆོས་རྗེས་མཛད་པ་རྣམས་སོ། །གཉིས་པ་ལ་དམ་རྫས་ཀྱི་བསྐང་བ་སྤྱན་འདྲེན་དང་བཅས་པ་གཉན་ལོས་མཛད་པ། ཕྱག་མཚན་འབུལ་བའི་ཚིགས་བཅད་གཉན་གྱིས་མཛད་པ། གཏོར་བསྐང་ཁ་འུབ་པས་མཛད། མདོས་བསྐང་མགོན་པོ་ཉིད་ཀྱིས་བླ་མ་ཁ་འུབ་པ་ལ་དངོས་སུ་གནང་བ་རྣམས་སོ། །གསུམ་པ་ལ། བསྟོད་པ་སྲིན་གཟུགས་མ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཞལ་བཞི་པའི་བསྟོད་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ། བསྟོད་པ་མི་རྟོག་མ་རི་སུལ་གྱི་རྣལ་འབྱོར་མས་མཛད་པ། བླ་མ་གཉན་གྱིས་མཛད་པའི་བསྟོད་པ་པཾ་པད་མ། ཁ་འུབ་པས་མགོན་པོ་ཞལ་གཟིགས་པའི་བསྟོད་པ། མལ་ལོ་ཙཱ་བས་རྨི་ལམ་དུ་མགོན་པོ་ཞལ་གཟིགས་ནས་བསྟོད་པ། རྗེ་ས་ཆེན་གྱིས་མཛད་པའི་བསྟོད་བསྐུལ། ས་སྐྱ་པཎྜི་ཏ་ཆེན་པོའི་བསྟོད་པ། འཕགས་པ་རིན་པོ་ཆེའི་བསྟོད་པ། བསྟོད་པ་དམ་པ་ཀུན་གྲགས་ཀྱིས་མཛད་པ། ཆོས་རྗེ་བླ་མ་དམ་པས་མཛད་པའི་བསྟོད་པ་སྟོང་ཉིད་མ་དང་། སྲིད་གསུམ་དབང་བསྒྱུར་མ་གཉིས། འཇམ་དབྱངས་གྲགས་པའི་མཚན་ཅན་གྱིས་མཛད་པའི་བསྟོད་པ། དམར་ཆོས་ཀྱི་རྒྱལ་པོས་མཛད་པའི་བསྟོད་པ། བསྟོད་པ་འཇམ་དབྱངས་འཁོན་སྟོན་གྱིས་མཛད་པ། བཀྲ་ཤིས་གྲུབ་ཀྱིས་མཛད་པའི་བསྟོད་པ། དྷརྨཱ་ཤྲཱི་བྷ་དྲས་བསྟོད་པ། མཁན་ཆེན་གནས་དྲུག་པས་བསྟོད་པ། རྩ་སྔགས་ཀྱི་དོན་བསྟོད་བྷ་ཝན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། སྐུ་གསུམ་མ་དང་ཐུན་གསུམ་མ་གཉིས་ཆོས་རྗེ་གཟུངས་ཀྱི་དཔལ་བས་མཛད་པ། ཧ་ཧ་རྒོད་པ་མ་ཆོས་