[A:༡༩བ]རྗེ་བཟང་པོ་རྒྱལ་མཚན་པས་མཛད་པ། རྩ་སྔགས་དང་མཐུན་པར་ཤྲཱི་མན་བྷ་དྲས་བསྟོད་པ། བཟང་པོའི་མཐའ་ཅན་གྱི་བསྟོད་པ། སྦས་པའི་རྣལ་འབྱོར་ཟུར་ཤཱཀྱ་དཔལ་གྱིས་མཛད་པའི་བསྟོད་བསྐུལ། གཉན་གྱིས་མཛད་པའི་རྩ་སྔགས་ཀྱི་དྲག་བསྐུལ། བསྟོད་བསྐུལ་མངོན་སྤྱོད་རོལ་པ། བསྟོད་བསྐུལ་ལས་ཀྱི་རྒྱལ་པོ། དམོད་བསྐུལ་ལས་ཀྱི་རྒྱལ་པོ་རྣམས་གཉན་ལོས་མཛད་པ། ཁ་འུབ་པས་མཛད་པའི་དམོད་བསྐུལ་རྣམས་སོ། །དེ་དག་གིས་ནི་ཕྱིའི་སྒྲུབ་སྐོར་རྣམས་བརྗོད་ཟིན་ནས། གཉིས་པ་ནང་གསང་བའི་མན་ངག་ནི། རྩ་གསུམ་འཁོར་ལྔའི་བསྒྲུབ་གཞི་ལ། བསྒྲུབ་བྱ་ལས་བཞིའི་མགོན་པོ་བཀོད་པའི་སྒྲུབ་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གིས་ཚེ་འདིར་ཟུང་འཇུག་གི་གོ་འཕང་བསྒྲུབ་པའི་ཐབས་དང་། དེའི་ཆ་རྐྱེན་ལས་བཞི་བྱེ་བྲག་ཏུ་བསྒྲུབ་པའི་ཐབས་ཆེས་ཟབ་པ་ཞིག་ཡིན་ནོ། །འདི་ལ་རྩ་བའི་ཡི་གེ་ཚིགས་བཅད་མ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། གསང་སྒྲུབ་ཀྱི་ཁྲིད་གཞུང་མཚུངས་མེད་སྐྱེས་མཆོག་རྒྱལ་མཚན་གྱིས་མཛད་པ། ཁྲིད་ཡིག་ཞིབ་མོ་ཟུང་འཇུག་རྣམ་པར་རོལ་པ་བདུད་སྡེ་འཇོམས་པའི་བཤན་པ་ཆེན་པོ་ཞེས་བྱ་བ་བརྒྱུད་པའི་གསོལ་འདེབས་དང་བཅས་པ་རྣམས་སོ། །གསུམ་པ་སྙིང་ནང་གི་ཁྲག་ལྟ་བུའི་མན་ངག་ལ་གཉིས་ཏེ། རི་སུལ་གྱི་རྣལ་འབྱོར་མས་བླ་མ་གཉན་ལ་གདམས་པའི་ཐུན་མོང་མ་ཡིན་པའི་ཤོག་རིལ་ཉེར་གཅིག་དང་། དེ་ལས་ཟབ་པའི་ཡིག་ཆུང་ངོ་། །དང་པོ་ལ་གཙོ་བོར་གྱུར་པ་བསྲུང་བཟློག་བསད་མནན་ཚེ་སྒྲུབ་དང་བཅས་པའི་ཤོག་རིལ། སྦས་ཏེ་འཛམ་གླིང་དུ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུའི་ཤོག་